ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཧྲུའུ་ཡོན་ཁུལ་ཆུང་གི་གྲོང་མིར་གཙང་སྦྲ་དོད་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར། ཉི་དྲོད་གླིང་སྡེ་ཁུལ་གྲོང་ལྷན་གྱི་དྲ་མིག་པ་དང་ཧྲུའུ་ཡོན་ཁུལ་ཆུང་གི་སྡེ་ལས་དུད་སྦྲེལ་དཔོན་གྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཧྲུའུ་ཡོན་ཁུལ་ཆུང་དུ་ཕྱོགས་ཡོངས་ནས་གཙང་སྦྲའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར། དྲ་མིག་ཅན་གྱི་ལས་དོན་པ་དང་དུད་སྦྲེལ་དཔོན་ཚོ་སྔ་ས་ནས་ཧྲུའུ་ཡོན་ཁུལ་ཆུང་དུ་ཡོང་སྟེ་གད་སྙིགས་གཙང་སེལ་གྱི་ལག་ཆ་ཁྱེར་ནས་སེམས་ཤུགས་ཆེན་པོས་ལས་དོན་སྤེལ་བཞིན་ཡོད་པ་རེད། ཁོང་ཚོའི་ལས་བགོས་ཁ་གསལ་ཡོད་པ་སྟེ། ལ་ལས་ཁུལ་ཆུང་གི་འགྲོ་ལམ་ལ་གཙང་སེལ་བྱེད་པའི་འགན་འཁུར་བ་དང་། ལ་ལས་སྔོ་ལྗང་ཁུལ་གྱི་གད་སྙིགས་གཙང་སེལ་བྱེད་པ། ལ་ལས་ཁུལ་ཆུང་ནང་གི་སྤྱི་པའི་སྒྲིག་ཆས་གཙང་སེལ་བྱེད་པ་བཅས་རེད།
གཙང་སེལ་བྱེད་པའི་བརྒྱུད་རིམ་ཁྲོད། ཚང་མས་བཙོག་པར་མི་འཛེམས་པར་ནན་ཏན་དང་ཞིབ་ཚགས་ངང་ཁུག་ཆ་གཅིག་ཀྱང་མི་ལུས་པར་གཙང་སེལ་བྱེད་བཞིན་ཡོད། གཙང་སྦྲ་བྱེད་དཀའ་བའི་ཁུལ་དུ་ཚང་མས་དཔུང་པ་མཉམ་གཤིབས་ཀྱི་ཆུ་ཚོད་གཉིས་ཙམ་འབད་བརྩོན་བྱས་པ་བརྒྱུད་ཁུལ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
ད་ཐེངས་ཀྱི་གཙང་སྦྲ་བྱེད་པའི་བྱེད་སྒོ་དེས་ཧྲུའུ་ཡོན་ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད།བྱེད་སྒོ་སྤེལ་རིང་། དྲ་མིག་ཅན་གྱི་དོ་དམ་པ་དང་དུད་སྦྲེལ་དཔོན་ཚོས་ད་དུང་གྲོང་མིར་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། ཚང་མས་ཁུལ་ཆུང་གི་ཁོར་ཡུག་ལ་ཐུན་མོང་ཐོག་གཅེས་སྤྲས་བྱས་ནས་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད། ཉི་དྲོད་གླིང་སྡེ་ཁུལ་གྲོང་ལྷན་གྱི་དྲ་མིག་ཅན་དང་ཧྲུའུ་ཡོན་སྡེ་ལས་ཀྱི་དུད་སྦྲེལ་དཔོན་ཚོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་ནས་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད་ལ། ཚང་མའི་ཐུན་མོང་གི་འབད་བརྩོན་འོག ཧྲུའུ་ཡོན་ཁུལ་ཆུང་དེ་སྔར་བས་མཛེས་སྡུག་ལྡན་པ་དང་འཚོ་སྡོད་ལ་འཚམ་པོ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社