分享按钮

ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིས་བོད་ལྗོངས་ལག་ཤེས་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ་འབྱུང་འགྱུར་གྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་བྱ་རྒྱུ་ནི་ལས་རིཊ་སློབ་གསོ་སྒྱུར་བཅོས་ཀྱི་ཁ་ཕྱོཊ་གལ་ཆེན་ཞིག་ཡིན་ཞིང་། སློབ་གསོ་དང་ཐོན་ལས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་པ་བརྒྱུད་ཐུན་མོང་ཐོག་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པའི་ནན་གསུངས་བྱས་ཡོད། ཉེ་ཆར་ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སི་དང་བོད་ལྗོངས་ལག་ཤེས་སློབ་གླིང་དབར་དངོས་སྦྱོང་བདེ་འཇཊ་ཀྱི་གྲོས་མཐུན་ཡི་གེ་བཞག་པ་དང་འབྲེལ། བོད་ལྗོངས་ལག་ཤེས་སློབ་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་ཞིབ་དཔྱད་ཚད་ལེན་ཆེད་ལས་ཀྱི་སློབ་མ་ཁག་གཅིག་རང་འབབ་ཆུ་ཀ་ལ་ཀུང་སིའི་རྩལ་ནུས་ཤེས་ལྡན་པའི་ལག་ལེན་དངོས་ཀྱི་གསོ་སྦྱོང་རྟེན་གཞིར་དངོས་སྦྱོང་ལག་ལེན་བྱ་རྒྱུའི་བཀོད་སྒྲིག་ཀྱང་བྱས་པ་རེད།

དངོས་སྦྱོང་བྱེད་རིང་ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིའི་རྔ་ཆེན་ཆུ་བཟོ་གྲྭའི་འགན་འཁུར་བ་གཙོ་བོས་བོད་ལྗོངས་ལག་ཤེས་སློབ་གླིང་གི་དངོས་སྦྱོང་སློབ་མའི་སྣེ་ཁྲིད་དེ་རྔ་ཆེན་ཆུ་བཟོ་གྲྭའི་ས་ངོས་ཆུའི་བཟོ་རྩལ་བརྒྱུད་རིམ་ལ་ལྟ་སྐོར་དུ་བསྐྱོད་ནས་ས་ངོས་ཀྱི་ཆུ་ལེན་པ་དང་། དྭངས་གསིང་བཟོ་བ། མདོང་ལམ་ཁང་སོགས་ཀྱི་འཚོ་བའི་སྤྱོད་ཆུ་གཙང་བཟོའི་བརྒྱུད་རིམ་ངོ་སྤྲོད་བྱས་ཤིང་། ཚོད་ལྟ་ཁང(ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ལྟེ་གནས)དུ་སྐྱེ་དངོས་ཕྲ་རབ་བཀོལ་སྤྱོད་ཁང་སོགས་ཞིབ་དཔྱད་ཚད་ལེན་ཡོ་བྱད་བཅུ་ལྷག་ཙམ་ལ་ལྟ་སྐོར་དང་ཉམས་ལེན་བྱས་པར་ཁྱོན་ཡོངས་ནས་ཕུན་སུམ་ཚོགས་པའི་ལས་རིགས་ཀྱི་ཉམས་ལེན་ཐོབ་སྟེ་སྔ་སྣུར་དུ་ལས་གནས་ཀྱི་ཁོར་ཡུག་དང་འཚམ་པར་བྱས་ཡོད་པ་རེད།

ད་ཐེངས་ཀྱི་ཐོན་སློབ་མཉམ་འདྲེས་ཀྱི་དངོས་སྦྱོང་མཉམ་ལས་བྱེད་སྟངས་དེས་སློབ་མར་ལག་ལེན་གྱི་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་པར་མ་ཟད། ཁེ་ལས་ལ་ལག་རྩལ་གྱི་ཤེས་ལྡན་པ་གསར་པ་མཁོ་འདོན་བྱས་ནས་སློབ་གྲྭ་དང་ཁེ་ལས་གཉིས་ཀར་ཕན་པ་ཐོབ་རྒྱུ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189207.html 1 ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིས་བོད་ལྗོངས་ལག་ཤེས་སློབ་གླིང་དང་མཉམ་འབྲེལ་བྱས་ཏེ་འབྱུང་འགྱུར་གྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱས་པ། /enpproperty-->