(པར་ངོས་དང་པོར་མཐུད)ཀུང་སིའི་ལས་མི་པད་མ་དབྱངས་ཅན་དང་ཁོང་གི་བཟའ་ཟླ་གཉིས་མི་རིགས་མི་འདྲ་མོད། འོན་ཀྱང་ཐུན་མོང་གི་ཕུགས་བསམ་དང་ལས་ཀའི་དབང་གིས་ལས་རོགས་ནས་བཟའ་ཟླར་གྱུར་ནས་ཁོང་གཉིས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མི་འདྲ་བའི་རིག་གནས་དབར་གྱི་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་མངོན་པར་བྱས་པའི་ཁར་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་བརྩམས་ཡོད།
ཀུང་སིའི་སྒྲིག་སྦྱོར་འཁོར་ཁང་གི་ལག་རྩལ་པ་པད་མ་དབྱངས་ཅན་གྱིས་ང་ཚོའི་ཀུང་སིར་མི་རིཊ་མི་འདྲ་བའི་ལས་བཟོ་བ་མང་པོ་ཡོད་ཅིང་། དུས་རྒྱུན་གྱི་འཚོ་བ་དང་ལས་ཀའི་ཁྲོད་ཁོང་ཚོ་ཧ་ཅང་འཆམ་པོ་ཡོད་པ་མ་ཟད། ཚང་མས་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་ཀྱང་བྱེད་ཀྱི་ཡོད་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ཟབ་མོ་གསལ་བཤད་བྱེད་བཞིན་ཡོད་ཅེས་བཤད།
ཁོར་ཡུག་ལེགས་པོའི་ཁྲོད་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ལག་ལེན་བསྟར་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཁེ་ལས་ཁྲོད་རབ་ཏུ་བཞད་པར་བྱས་ཡོད། ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཅིའུ་ཡིས་ང་ཚོའི་ཁེ་ལས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་དང་ཀུང་སིའི་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དེ་ནི་འབོད་ཚིག་ཁོ་ན་མ་ཡིན་པར་ང་ཚོས་ཐུན་མོང་ཐོག་ལག་ལེན་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན། མི་རིགས་མི་འདྲ་བའི་ལས་མི་འདི་གར་མཉམ་དུ་འདུས་པ་ལས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་སྦྱིན་ཡོད། ཁེ་ལས་ཀྱིས་ལས་བཟོ་བ་ཡོངས་ལ་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ལས་སྟེགས་མཁོ་འདོན་བྱས་ནས་དུས་བཀག་ལྟར་སྒྲིག་འཛུགས་བྱས་པའི་རྩལ་ནུས་སྣ་ཚོགས་གསོ་སྦྱོང་བྱས་ཏེ་ཚང་མས་རང་ཉིད་ཀྱི་ཆེད་ལས་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཐུབ་ཅེས་བཤད།
ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ས་མཐོའི་ཁོར་ཡུག་དང་འཚམ་པའི་ནུས་པ་མང་བའི་ཐབ་ཆས་དཔེར་ན། ས་མཐོའི་གནོན་རྡིག་དང་། རྫ་ཁོག ཇ་བསྲུབས་འཕྲུལ་ཆས་སོགས་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ནས་ས་མཐོའི་ས་ཁུལ་གྱི་མང་ཚོགས་ཀྱི་ཐབ་ཆས་སྤྱོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རང་གི་འགན་འཁྲིར་བརྩིས་ཡོད། ཀུང་སིས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོར་གཞིགས་ནས་མི་རིགས་མཐུན་སྒྲིལ་དང་ཁེ་ལས་འཕེལ་རྒྱས་གཉིས་གཅིག་རམ་གཅིག་འདེགས་ཀྱིས་ཞི་མཐུན་མཉམ་གནས་དང་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་ཞིག་ཐུན་མོང་ཐོག་བརྩམས་ཡོད།
ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་བསྟན་འཛིན་སྒྲོལ་དཀར་གྱིས་འདི་ལོའི་ཟླ་6པའི་བར་ང་ཚོའི་ཀུང་སིའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་18934ཟིན་པ་དང་། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་30819ཟིན་པ། ཁྲལ་དངུལ་སྒོར་ཁྲི་1400འཇལ་བ་བཅས་བྱས་ཡོད། སླད་ཕྱིན་ང་ཚོའི་ཀུང་སིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཐག་གཅོད་བྱ་རྒྱུ་དེ་ཁེ་ལས་འཕེལ་རྒྱས་ཀྱི་ལས་འགན་དུ་བརྩིས་ནས་ས་མཐོའི་ནུས་མང་མུ་འབྲེལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཁྱབ་གདལ། ཕྱིར་ཚོང་། བཙོངས་རྗེས་ཞབས་ཞུ་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོར་ལེགས་སྐྱེས་དེ་བས་ལེགས་པ་ཕུལ་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འདི་ཉིད་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社