分享按钮

(པར་ངོས་དང་པོར་མཐུད)སྤྲོ་སྣང་འཛིན་གྲྭར་ཞུགས་མཁན་གྱི་སློབ་མ་མང་དུ་སོང་བ་དང་བསྟུན་ནས་སློབ་ཁང་དུ་ཤོང་དཀའ་བའི་གནས་ཚུལ་ལ་གཞིགས་ནས་སློབ་མ་རྣམས་སློབ་ཁང་ཆེན་པོ་ཞིག་གི་ནང་དུ་སྤོ་རྒྱུའི་ཐད་གྲོས་བསྡུར་བྱེད་ཀྱི་ཡོད།

སྐལ་བཟང་ཆོས་འཕེལ་གྱི་སེམས་སུ་ཐོག་མཐའ་བར་གསུམ་དུ་སློབ་ཕྲུག་ཡོད་ལ།ལག་ནང་གི་ལས་ཀ་ཚར་རྗེས། སློབ་ཁང་དང་། ཉལ་ཁང་། ཟ་ཁང་བཅས་སུ་ཕེབས་ནས་སློབ་ཕྲུག་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཐད་མཁྱེན་རྟོཊ་གནང་གི་ཡོད། ཁོང་གིས་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག་སོཊ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུཊ་ཁུར་གནང་བ་དང་། སྣ་མང་ཕུན་སུམ་ཚོཊ་པའི་སློབ་ཕྱིའི་བྱེད་སྒོ་སྒྲིག་འཛུཊ་བྱེད་ཀྱི་ཡོད། དཔེར་ན། སློབ་གྲྭའི་སྒྱུ་རྩལ་དུས་ཆེན་དང་ལུས་རྩལ་འགྲན་བསྡུར་སོཊ་སྤེལ་ནས་སློབ་མ་ཚོར་རང་ཉིད་ཀྱི་འཇོན་ཐང་ངོམ་པའི་སྟེཊ་བུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། ཁོང་དང་དགེ་རྒན་རྣམས་ཀྱི་བྱམས་བརྩེའི་ཐུཊ་ཁུར་ལ་བརྟེན་ནས་སློབ་མ་ཚོ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། རང་ཉིད་ལ་ཡིད་ཆེས་དང་སྟོབས་ཤུཊ་ཀྱིས་ཁེངས་ཡོད།

སློབ་མ་སྒྲོལ་ལྷ་ཡིས་སློབ་སྤྱི་རྟག་ཏུ་སློབ་ཁང་ཁག་ཏུ་ཕེབས་ནས་ང་ཚོའི་སློབ་སྦྱོང་གི་གནས་ཚུལ་མཁྱེན་རྟོཊ་གནང་གི་ཡོད་པ་མ་ཟད། སློབ་གསེང་གི་སྐབས་སུ་ད་དུང་ང་ཚོ་དང་མཉམ་དུ་རྩེད་མོ་རྩེ་ཡི་ཡོད་པས་ངའི་སེམས་སུ་སློབ་གྲྭ་ནི་ང་ཚོའི་ཁྱིམ་ཚང་གཉིས་པ་དེ་ཡིན་པའི་ཚོར་སྣང་ཡོང་གི་འདུག་ཅེས་བཤད།

སྐལ་བཟང་ཆོས་འཕེལ་གྱིས་ཕུལ་བྱུང་དགེ་རྒན་གྱི་དཔུང་ཁག་ནི་སློབ་གྲྭ་འཕེལ་རྒྱས་གཏོང་བའི་སྲོག་ཤིང་དང་སྟོབས་ཤུགས་ཤིག་ཡིན་པ་གསལ་པོར་མཁྱེན་གྱི་ཡོད། ཁོང་གིས་དགེ་རྒན་གྱི་ཆེད་ལས་སྔར་བས་ལེགས་སུ་འགྲོ་བའི་ཐད་ཤུགས་སྣོན་རྒྱག་པ་དང་། རིགས་ཁག་གི་གསོ་སྦྱོང་དང་སློབ་དཔྱོད་ཀྱི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱེད་ཀྱི་ཡོད། ནང་འདྲེན་དང་ཕྱིར་སྐྱོད་ཀྱི་བྱ་ཐབས་ལ་བརྟེན་ནས་སློབ་གསོའི་རིགས་གཅིག་མཁས་ཅན་སློབ་གྲྭར་སློབ་ཁྲིད་བྱེད་པར་གདན་དྲངས་པ་དང་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པར་བསྐྱོད་ནས་དགེ་རྒན་ཚོར་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་མཁོ་འདོན་བྱེད་པ། སློབ་གྲྭའི་ནང་དུ་ཡོངས་བསྒྲགས་སློབ་ཚན་དང་དཔེ་སྟོན་སློབ་ཚན་ཁྲིད་དེ་དགེ་རྒན་ཚོས་ཕན་ཚུན་སློབ་སྦྱོང་དང་མཉམ་དུ་ཡར་རྒྱས་ཡོང་བར་སྐུལ་མ་གཏོང་གི་ཡོད།

ཆུ་ཤུར་རྫོང་མཉེས་ཐང་ཤང་སློབ་ཆུང་བསམ་བློ་ཆབ་སྲིད་གཞུང་དོན་ཁང་གི་ཀྲུའུ་རེན་རྣམ་རྒྱལ་དགྲ་འདུལ་གྱིས་སློབ་སྤྱི་ལ་སློབ་གསོ་སློབ་ཁྲིད་དང་དོ་དམ་ཐད་ཐུན་མོང་མ་ཡིན་པའི་ཉམས་མྱོང་ལྡན་པས་ང་ཚོའི་དགེ་རྒན་ཚང་མའི་ལས་དོན་དང་འཚོ་བའི་ཐད་རོཊ་རམ་ཐུབ་ཡོད། ཁོང་གི་སྣེ་ཁྲིད་ལ་བརྟེན་ནས་ང་ཚོའི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཡིན་ནའང་འདྲ། ཡང་ན་ཕྱོགས་གཞན་དག་ཐད་ཀྱི་ལས་དོན་ཡིན་ནའང་འདྲ་ཕྱོགས་ཡོངས་ནས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད་ཅེས་བཤད།

མཉེས་ཐང་ཤང་སློབ་ཆུང་དེ་ཆུ་ཤུར་རྫོང་གི་ཤར་སྒོ་ཆེ་མོར་གནས་ཤིང་། 1975ལོར་བཙུཊ་པ་རེད། སློབ་གྲྭ་ཐོག་མར་འཛུགས་སྐབས་སློབ་གསོའི་རྨང་གཞི་ཧ་ཅང་ཞན་པོ་ཡོད། ལོ་ངོ་བཞི་བཅུ་ལྷག་ཙམ་གྱི་དཀའ་ཚེཊ་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་འགོ་ཁྲིད་ཁ་ཤས་ཀྱིས་དངོས་ཐོག་བདེན་འཚོལ་གྱི་ལས་དོན་གྱི་རྣམ་འགྱུར་ལ་བརྟེན་ནས་སློབ་གྲྭ་དེས་ལོ་10ལྷག་ཙམ་རིང་ཕྱོཊ་ཡོངས་ཀྱི་གྲུབ་འབྲས་དེ་རྫོང་ཡོངས་སུ་ཨང་དང་པོར་སླེབས་པའི་ཤང་དང་གྲོང་རྡལ་གྱི་སློབ་ཆུང་ཞིག་ཏུ་གྱུར་ཡོད། 2017ལོར་སྐལ་བཟང་ཆོས་འཕེལ་གྱིས་སློབ་སྤྱིའི་འགན་བཞེས་པ་མ་ཟད། སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་དང་། སློབ་གྲྭའི་རིག་གནས་འཛུཊ་སྐྱོང་། སློབ་མའི་ཁྱད་ཆོས་གསོ་སྦྱོང་སོཊ་ཀྱི་ཐད་དེ་བས་འབད་བརྩོན་ཆེན་པོ་བྱས་ཡོད།

སྐལ་བཟང་ཆོས་འཕེལ་གྱིས་ངེད་སློབ་གྲྭའི་སློབ་ཐོན་སློབ་མ་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་སློབ་རིམ་འཕར་ཚད་མཐོ་ཤོས་སྐབས་བརྒྱ་ཆ་16.8ཟིན་ཡོད་ཅིང་། རིམ་རྩིས་བྱས་པ་ལྟར་ན། ངེད་སློབ་གྲྭ་ནས་ཐོན་པའི་སློབ་མ་ཁྱོན་བསྡོམས་90ལྷག་ཙམ་ལྗོངས་ཕྱིར་སློབ་སྦྱོང་བྱེད་པར་ཕྱིན་ཡོད། དེ་ནི་ང་ཚོ་དགེ་སློབ་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ཞེས་བཤད།

སྐལ་བཟང་ཆོས་འཕེལ་གྱིས་ལོ་ངོ་བཅུ་གྲངས་རིང་ཉིན་བཞིན་སློབ་གསོའི་ལས་དོན་ལ་འབད་བརྩོན་ཧུར་ཐག་བྱས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སེམས་ཤུགས་མ་ཉམས་པར་བརྟེན་ཁོང་ལ་སྔ་རྗེས་སུ་ཕུལ་བྱུང་སློབ་གསོའི་ལས་དོན་པ་དང་། གྲོང་གསེབ་ཀྱི་དགེ་རྒན་བྱས་ནས་ལོ་ངོ་20འཁོར་བའི་བོད་རང་སྐྱོང་ལྗོངས་ཀྱི་གཟི་བརྗིད་མཚན་སྙན་གྱི་བྱ་དགའ། རྫོང་རིམ་པའི་ཕུལ་བྱུང་གི་སློབ་སྤྱི་སོགས་ཀྱི་གཟི་བརྗིད་མཚན་སྙན་སྣ་ཚོགས་ཐོབ་ཡོད། སྐལ་བཟང་ཆོས་འཕེལ་གྱིས་ལས་འགན་ཁུར་བའི་རིང་། སློབ་གྲྭར་ད་དུང་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཚན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་སློབ་གྲྭ། རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

སྐལ་བཟང་ཆོས་འཕེལ་གྱིས་སློབ་གསོ་ནི་རླབས་ཆེ་ཞིང་བླ་ན་མེད་པའི་བྱ་གཞག་ཅིག་རེད། ང་ཚོས་མེས་རྒྱལ་གྱི་མི་རབས་རྗེས་མ་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་ཡོད། ང་ཚོའི་ལས་དོན་ནི་སློབ་མའི་འབྱུང་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ངས་ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་གསོའི་ལས་དོན་པའི་གཟི་བརྗིད་ལ་གཅེས་འཛིན་ལྡབ་འགྱུར་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་མདུན་སྐྱོད་ཧུར་ཐག་བྱས་ནས་ལྷ་སའི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189205.html 1 /enpproperty-->