(པར་ངོས་དང་པོར་མཐུད)བདེ་ཐང་བརྟག་དཔྱད་ནས་བདེ་ཐང་དོ་དམ་བར་འགྱུར་ལྡོག་བཏང་སྟེ་མང་ཚོགས་ལ་ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་མཐོ་བའི་བདེ་ཐང་དོ་དམ་ཞབས་ཞུ་བསྒྲུབ་དགོས་པའི་ནན་གསུངས་གནང་བ་རེད།
ཁྲེང་ཀོན་ཆུས་ས་གཙང་ལྷ་སའི་ཐབ་ཚང་ཨ་མར་ཕེབས་ནས་ཝང་ཆང་གིས་ཡུལ་དངོས་སུ་གཟིགས་ཞིབ་གནང་སྟེ་བཟའ་བཅའ་ལས་སྣོན་དང་། གཡོས་སྦྱོར། བཟའ་བཅའ་སྡེབ་སྐྱེལ། བཟའ་བཅའི་བདེ་འཇགས་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ལྕི་བས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ལ། ནན་ཤོས་བཞིའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་།དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་འཛིན་སེམས་བརྟན་པོར་འཛུགས་པ། འགག་སྒོ་ཚང་མར་དམ་འཛིན་ནན་པོ་བྱེད་པ། ལྷུ་ཚིགས་ཚང་མ་དམ་འཛིན་ནན་པོ་བྱེད་པ། བཟའ་བཅའི་འཚོ་བཅུད་བཀོད་སྒྲིག་ཡག་པོ་བྱེད་པ། ཁོར་ཡུག་གཙང་སྦྲ་ཡག་པོ་བྱེད་པ། ལས་དོན་ཁག་ཚད་ལྡན་ཡག་པོ་བྱེད་པ། ཐབ་ཚང་ཨ་མ་ནས་ཐོན་པའི་བཟའ་བཅའི་བདེ་འཇགས་འཕྲོད་བསྟེན་དང་། འཚོ་བཅུད། བྲོ་བ་ཞིམ་པོ་ཡོང་བ་བཅས་ཀྱི་ཐད་འགན་ལེན་ཡོང་བར་བྱས་ཏེ་སློབ་མ་ཚོར་ཟས་ན་བློ་བདེ་བ་དང་། གྲོད་པ་བདེ་བ། ཞིམ་པོ་ཡོང་བ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་གྲོང་དུ་ཝང་ཆང་གིས་ཡུལ་དངོས་ཀྱི་ཚོང་རའི་ཁོར་ཡུག་འཕྲོད་བསྟེན་དང་བཟའ་བཅའི་བདེ་འཇགས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་དང་ཁོར་ཡུག་འཕྲོད་བསྟེན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་སྡེབ་ཚོང་ཚོང་རའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་གཞན་དག་སློབ་སྦྱོང་ཧུར་ཐག་བྱེད་དགོས་པ་དང་། ཁོར་ཡུག་འཕྲོད་བསྟེན་དང་འབར་རླངས་མེ་ཟོན་སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་མིར་གཙང་ལ་གྲལ་འགྲིག་པ་དང་བདེ་འཇགས་བློ་བདེའི་ཟོག་ཉོའི་ཁོར་ཡུག་ཅིག་གཏོད་དགོས་ཞེས་གསུངས་པ་རེད། བརྟག་ཞིབ་གནང་རིང་། ཝང་ཆང་གིས་ཚོང་རའི་ལྟ་སྐུལ་དོ་དམ་ལས་དོན་པར་བྱམས་བརྩེའི་ངང་གཟིགས་སྐོར་འཚམས་འདྲི་གནང་ནས་ཚང་མར་ཡང་འབད་བསྐྱར་འབད་དང་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་ཁྲིམས་འཛིན་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟའ་བཅའི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་དུས་ཐོག་ཏུ་སེལ་བ། བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་པད་མ་གཡུ་སྒྲོན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社