ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟའ་འཁོར་གོང་མར་རང་གྲོང་གི་དུས་མཚམས་མང་ཆེ་བར་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་བསྟན་པ་དང་དུས་མཚམས་ཁག་གཅིག་ལ་ཆར་པ་བབས་པའི་གནམ་གཤིས་བསྟན་པ་རེད། གཟའ་འཁོར་དེའི་ནང་ཆར་ཆུ་འབབ་ཚད་ཀྱི་སྤྱི་འབོར་དེ་ལོ་རེའི་རྒྱུན་གཏན་གྱི་དུས་མཚུངས་དང་བསྡུར་ན་ས་གནས་ཁག་ཏུ་ཅུང་ཉུང་དུ་ཕྱིན་ཡོད་པ་རེད། གཟའ་འཁོར་རེའི་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་ས་གནས་ཁག་ཏུ་ཧྲེ་ཧྲི་ཏུའུ་1ནས་4བར་མཐོ་བ་ཡོད་པ་རེད། སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་རང་གྲོང་གི་ས་གནས་ཁག་ཏུ་སྤྲིན་པ་ཉུང་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུའི་གནམ་གཤིས་བསྟན་རྒྱུ་དང་། དྲོད་ཚད་ཅུང་མཐོ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ་བ་བཅས་ཡོད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཟའ་འཁོར་འདིའི་གནམ་གཤིས་གནས་ཚུལ་ནི་གཟའ་ཟླ་བ་ནས་གཟའ་མིག་དམར་བར་རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་ཉུང་བ་ནས་སྤྲིན་མང་པོ་འཁོར་རྒྱུ་ཡིན་པ། གཟའ་ལྷག་པ་ནས་གཟའ་པ་སངས་ཀྱི་བར་ས་ཆ་ཁག་ཏུ་གནམ་དྭངས་པ་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ། གཟའ་སྤེན་པ་ནས་གཟའ་ཉི་མ་བར་རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་ཉུང་བ་འཁོར་རྒྱུ་དང་། བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་བཏོན་པ་ལྟར་ན། གཟའ་འཁོར་འདིར་རང་གྲོང་དུ་ཆར་ཆུ་ཉུང་ཙམ་འབབ་རྒྱུ་དང་། དྲོད་ཚད་མཐོ་ཙམ་ཡོད་པ། ཕྱི་དྲོ་ལྷགས་པ་ཆེ་བ། གནམ་གཤིས་སྐམ་ཤས་ཆེ་བ། ནགས་ཚལ་དང་། རྩྭ་ཐང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་བཅས་སུ་མེའི་ཉེན་ཁ་ཉུང་ཆེ་བས་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཁུལ་གཙོ་བོས་དུས་སྐབས་ཡག་ཤོས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྟོན་བསྡུ་དང་སྟོན་འདེབས་ལས་དོན་དུས་ཐོག་ཏུ་ཡག་པོ་སྤེལ་དགོས། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཅུང་ཆེ། སྔ་དགོང་གི་དྲོད་ཚད་དམའ་བས་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社