ཆུ་ཤུར་རྫོང་མཉེས་ཐང་ཤང་སློབ་ཆུང་དུ། དགེ་སློབ་ཚོའི་དགའ་སྣང་དང་བརྩི་བཀུར་ཐོབ་པའི་སློབ་སྤྱི་ཞིག་ཡོད་པ་དེ་ནི་སྐལ་བཟང་ཆོས་འཕེལ་རེད། 1998ལོར་སྐལ་བཟང་ཆོས་འཕེལ་གྱིས་མཉེས་ཐང་ཤང་གི་ཐག་རིང་ལུང་ཁུག་གི་སློབ་ཁྲིད་ས་ཚིགས་སུ་དགེ་རྒན་དཀྱུས་མ་ཞིག་གི་འགན་འཁུར་བ་དང་། 1999ལོར་ཁོང་གིས་མཉེས་ཐང་ཤང་སློབ་ཆུང་གི་འཛིན་གྲྭའི་ཀྲུའུ་རེན་གྱི་འགན་བཞེས་པ་དང་རིག་ཚན་མང་བའི་སློབ་ཁྲིད་ཀྱི་ལས་འགན་ཕྲག་ཏུ་ཁུར། 2005ལོར་སློབ་སྤྱི་གཞོན་པའི་འགན་ཁུར་ཏེ་སློབ་སྤྱི་ལ་རོགས་རམ་བྱས་ནས་སློབ་གྲྭའི་ལས་དོན་སྣ་ཚོགས་ལེགས་སྒྲུབ་བྱས། 2017ལོར་སྐལ་བཟང་ཆོས་འཕེལ་གྱིས་སློབ་སྤྱིའི་འགན་དངོས་སུ་ཁུར་ནས་སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་བ་རྣམས་ཀྱི་སྣེ་ཁྲིད་དེ་སློབ་གསོའི་བྱ་གཞག་ལ་གཞོལ་ཡོད། 2024ལོའི་ཟླ་9པར་སྐལ་བཟང་ཆོས་འཕེལ་ནི་ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་གསོའི་ལས་དོན་པར་བདམས་ཐོན་བྱུང་བ་རེད།
1998ལོའི་ཟླ་7པར་སྐལ་བཟང་ཆོས་འཕེལ་དགེ་འོས་སློབ་གྲྭ་ནས་ཐོན་རྗེས་སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་རྣམ་འགྱུར་གྱི་ཐོག་ནས་གྲོང་གསེབ་ཀྱི་སློབ་གསོར་གཞི་ཚུགས་ཏེ་ལོ་26རིང་སློབ་གསོའི་ལས་དོན་བསྒྲུབས་ཤིང་། སློབ་ཁྲིད་ཀྱི་ལས་ལ་ཐེངས་དང་པོར་ཞུཊ་པའི་དུས་འགོར་ཁོང་གིས་རྒྱའི་སྐད་ཡིག་དང་། རྩིས་རིག ཆ་འཕྲིན་བཅས་ཀྱི་དགེ་རྒན་གྱི་འགན་ཁུར་མྱོང་ཞིང་། ཆེད་ལས་གཅིག་ལ་ནུས་པ་མང་བའི་ཉམས་མྱོང་གིས་ཁོང་གི་སློབ་གསོ་དང་དོ་དམ་གྱི་ལས་དོན་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། ད་ལོའི་ཟླ་9པར་སྐལ་བཟང་ཆོས་འཕེལ་གྱི་གཞུང་ལས་ཁང་ནས་གསར་འགོད་པས་ཤེས་རྟོགས་བྱུང་བ་ནི། ཁོང་གིས་ལས་རོཊ་ཚོ་དང་མཉམ་དུ་སློབ་ཚན་གྲོལ་རྗེས་ཀྱི་སྤྲོ་སྣང་དང་འཛིན་གྲྭའི་སྐོར་ལ་གྲོས་བསྡུར་བྱེད་བཞིན་འདུག (པར་ངོས་གསུམ་པར་གཟིཊ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社