ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་7ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའི་བདེ་འཇཊ་དང་སྤུས་ཚད་ལྟ་སྐུལ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བར་མ་ཟད། གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་དུས་ཆེན་རིང་འཐབ་ས་མདུན་མར་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་དོན་པར་བྱམས་བརྩེའི་ངང་གཟིགས་སྐོར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ནན་ཤོས་བཞིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་བཅངས་ནས་འགག་སྒོ་ཚང་མ་ནན་པོར་སྲུང་བ་དང་།འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཧྥུའུ་ཁང་སྨན་ཁང་གི་བདེ་ཐང་དོ་དམ་ལྟེ་གནས་སུ་ཕེབས་སྐབས་ཝང་ཆང་གིས་གཟུགས་པོར་བརྟག་དཔྱད་བྱ་ཡུལ་གྱི་ཚོམས་ཆེན་དུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་སྨན་དོན་པར་བྱམས་བརྩེའི་ངང་གཟིགས་སྐོར་འཚམས་འདྲི་གནང་བར་མ་ཟད། ཚང་མར་ལས་སྒོའི་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཆེད་ལས་ཀྱི་རྩལ་ནུས་མཐོ་རུ་བཏང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གི་སྲུང་སྐྱོང་མཁན་ཡག་པོ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། བརྟག་ཞིབ་གནང་རིང་། ཝང་ཆང་གིས་ཡུལ་དངོས་ཀྱི་སྒྲིག་ཆས་དང་། ཁྱད་ལྡན་རྣམ་གྲངས། ཞབས་ཞུའི་སྤུས་ཚད་དང་དེ་བཞིན་བདེ་ཐང་དོ་དམ་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་དང་། གཟུགས་པོར་བརྟག་དཔྱད་བྱེད་པར་ཡོང་མཁན་གྱི་གྲོང་མི་དང་ངོ་འཕྲད་སྤེལ་རེས་གནང་ནས་གཟུགས་པོར་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་དང་ཞབས་ཞུའི་སྤུས་ཚད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། ད་དུང་ཆེད་ལས་ཅན་དང་། ཆ་འཕྲིན་ཅན། མི་གཤིས་ཅན་བཅས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་བདེ་ཐང་བརྟག་དཔྱད་བྱ་ཐབས་སུ་བྱས་ཏེ་བརྟག་དཔྱད་མ་བྱས་གོང་དང་བརྟག་དཔྱད་བྱས་རྗེས་ཀྱི་དུས་ཚོད་སྣུར་སྲིང་བྱེད་པ་དང་། བདེ་ཐང་མ་ལག་ལ་དོ་དམ་བྱེད་པ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社