2021ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་སྨན་པ་ཡ་ཡས་སྣེ་ཁྲིད་དེ་ས་གནས་དེ་གའི་ཚིགས་ཤེལ་གྱི་འོག་པུས་ཚིགས་ཀྱི་གཤགས་བཅོས་ཐོག་མ་དེ་ལེགས་གྲུབ་བྱུང་ནས་བོད་དུ་ནད་གཞི་དེ་རིགས་ཀྱི་གཤགས་བཅོས་བྱེད་མྱོང་མེད་པའི་སྟོང་ཆ་བསྐངས་པ་རེད།
ཡ་ཡས་དེ་སྔ་ལག་རྩལ་དང་ཤེས་ལྡན་པ་སོགས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་གཤགས་བཅོས་དེ་རིགས་ས་གནས་དེ་རང་དུ་བྱེད་དཀའ་བར་གྱུར་ཡོད་ཅེས་བཤད།ཁོང་གིས་ད་ཆ་གཤགས་བཅོས་དེ་རིགས་བྱེད་ཐུབ་པ་ནི་ཤེས་ལྡན་པའི་བོད་སྐྱོར་ལས་བྱུང་བ་ཞིག་རེད་ཅེས་བཤད།
2019ལོར་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དམིགས་བསལ་གསོ་སྦྱོང་ཁག་གསུམ་པའི་སློབ་མའི་གྲས་ཤིག་ཡིན་པའི་ཡ་ཡ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དུ་གསོ་སྦྱོང་ནང་ཞུགས་པ་དང་།རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་སློབ་སྦྱོང་གི་ཉམས་མྱོང་ལས་ཡ་ཡའི་ཆེད་ལས་རྩལ་ནུས་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཤུཊ་ཆེན་བྱས་ཤིང་། ལོ་15ཡི་རིང་། ཞིང་ནཊ་འབྲོག་གསུམ་དང་། ཚན་སློབ་རིག་འཕྲོད། ཁོར་ཡུག་སྲུང་སྐྱོང་།ཆུ་བེད་འགྲིམ་འགྲུལ་སོགས་ཁྱབ་ཁོངས་སུ་འགན་འཁྲི་འཁུར་ཐུབ་པ་དང་།མིག་དཔེ་སྟོན་ཐུབ་པ།བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་1800ལྷག་ཙམ་གནད་སྨིན་གསོ་སྐྱོང་བྱས་པ་རེད།
ཆེད་ལས་གསོ་སྦྱོང་བྱས་ཏེ་བབ་བསྟུན་གྱི་གསོ་སྐྱོང་ཇུས་གཞི་བཟོས་པ།
སྔོན་ཆད་ས་ཁམས་ཁོར་ཡུག་དང་ལོ་རྒྱུས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་བོད་ཀྱིས་ཤེས་ལྡན་པ་གསོ་སྐྱོང་དང་།ནང་འདྲེན།ཉར་འཇོག་བཅས་བྱ་རྒྱུར་དཀའ་ངལ་མང་པོ་འཕྲད་ཡོད།ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་སྤྱི་འབོར་མི་འདང་བ་དང་།གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་དོད་པ།ཁྱབ་སྟངས་ལུགས་དང་མི་མཐུན་པ།གསར་གཏོད་ཀྱི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ལྷག་ཡོད།
དངོས་ཡོད་གནད་དོན་དང་དགོས་མཁོར་གཞིཊ་ནས། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社