分享按钮

ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་བརྩམས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ནི་2022ལོའི་ཟླ་5པའི་ནང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གཞི་ཚུགས་པ་ནས་བཟུང་མི་རིགས་མང་པོ་མཉམ་འདྲེས་ཀྱི་ཀུང་སི་ཞིག་ཡིན་པའི་ཐོག་ནས་མཐུན་སྒྲིལ་འབད་འཐབ་ཀྱིས་ལེའུ་གསར་པ་རྩོམ་པའི་འདུ་ཤེས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་ཁེ་ལས་ཡར་ཐོན་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཀུང་སིའི་ནང་རྒྱ་རིཊ་དང་། བོད་རིཊ། དབྱིས་རིཊ། ཆའང་རིགས་སོགས་མི་རིགས་7གྱི་ལས་བཟོ་བ་100ལྷག་ཙམ་འདུས་ཡོད་ཅིང་། ཞི་མཐུན་མཉམ་གནས་ཀྱི་ལས་ཀའི་ཁོར་ཡུག་ཅིག་ཐུན་མོང་ཐོག་བཏོད་ཡོད་པ་རེད།

ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་སྐྱོད་སྐབས་མི་རིགས་མང་པོ་མཉམ་འདྲེས་ཀྱི་ཀུང་སི་ཞིག་ཡིན་པའི་ཐོག་ནས་མཐུན་སྒྲིལ་འབད་འཐབ་ཀྱིས་ལེའུ་གསར་པ་རྩོམ་ཞེས་པའི་དྲིལ་བསྒྲགས་སྦྱར་ཡིག་མངོན་གསལ་དོད་པོ་ཡོད་པ་དང་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་དེ་འདི་གར་ལས་ཀ་དང་འབད་འཐབ་བྱེད་མཁན་ཚང་མར་སེམས་ཤུགས་སྦྱིན་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-09 6 6 拉萨日报藏文 c189197.html 1 ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཞིག་བརྩམས་པ། /enpproperty-->