ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དོན་གཅོད་ཁང་དང་དོག་སྡེ་ཁྲིམས་འཛིན་སུའོ་ཡིས་སྒྲུབ་འགན་འཁུར་བའི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་ཁྲེང་ཀོན་མཉམ་དུ་བསྐྲུན་ཞེས་པའི་གཙོ་དོན་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེ་འགོ་ཚུགས་ཞབས་བྲོ《བཀྲ་ཤིས་ཞོལ་པའི》ཁྲོད་སྤེལ་འགོ་ཚུགས་པ་རེད། དེའི་རྗེས་སུ《ཨེ་པ་རྒྱ་ལོག》དང་། 《ང་ནི་མི་དམངས་ཀྱི་འདུམ་འགྲིག་པ་ཡིན》《མེས་རྒྱལ་ལ་བསྟོད་གླུ་ལེན》སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་གྲོང་མི་མང་ཚོགས་ཚོར་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་ནས་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཤེས་བྱ་མང་པོ་ཤེས་སུ་བཅུག་པ་རེད། འཁྲབ་སྟོན་བྱེད་རིང་། འབྲེལ་ཡོད་ཚན་པའི་ལས་དོན་པས་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། བཅའ་ཁྲིམས་བློ་འདྲི་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། གྲོང་མི་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་དཀའ་གནད་ཆེ་བའི་བཅའ་ཁྲིམས་ཀྱི་གནད་དོན་ཐད་ཡུལ་དངོས་སུ་ལན་འདེབས་པ་དང་འབྲེལ་ཚང་མར་ལས་དོན་སྒྲུབ་སྐབས་ཁྲིམས་ལ་བརྟེན་པ་དང་། གནས་ཚུལ་དང་འཕྲད་སྐབས་ཁྲིམས་ལུགས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལུགས་སྤྱོད་པ། འགལ་བ་སེལ་སྐབས་ཁྲིམས་ལུགས་ལ་བརྟེན་པ་བཅས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། གྲོང་མི་མང་ཚོགས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་རྟོགས་ཐུབ་ཚད་དང་། ཁྲིམས་སྐྱོང་གི་སྙིང་སྟོབས་ལ་མོས་སེམས་བྱེད་ཚད། ཁྲིམས་སྐྱོང་གི་ལག་ལེན་ནང་ཞུགས་ཚད་བཅས་སྔར་བས་མཐོ་རུ་བཏང་བ་རེད།
གྲོང་མི་བསྟན་འཛིན་དབང་མོས་དེ་རིང་འདི་གར་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དེས་ང་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་། སླད་ཕྱིན།ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་འདི་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ཕྱིས་འབྱུང་། ཁྲེང་ཀོན་ཆུས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་སྤེལ་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། གྲོང་མི་མང་ཚོགས་ལ་དེ་བས་སྟབས་བདེ་དང་། མྱུར་པོ། ནུས་ལྡན་བཅས་ཀྱི་ཁྲིམས་འཛིན་གྱི་ཞབས་ཞུ་བསྒྲུབས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དེ་མང་ཚོགས་དང་ཐག་ཉེ་བ་དང་། ཚ་རླབས་འཕྱུར་བ། མི་མང་པོ་འདུས་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་སྲུང་སྐྱོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社