(པར་ངོས་དང་པོར་མཐུད)ཟླ་རེའི་དབྱེ་ཞིབ་ཚོགས་འདུ་ཐེངས་དགུ་པ་འཚོགས་རྗེས་ཚན་པ་ཁག་གིས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་པ་དང་།གོ་རིམ་ལྡན་པའི་ངང་ཆེད་དོན་ལས་དོན་སྤེལ་ཡོད།ལྟ་སྐུལ་ཞིབ་བཤེར་དང་བསྒྲུབ་སྐུལ་ཚོགས་ཆུང་གིས་ཐན་ཧའེ་ཚོང་དོན་ཚོགས་པའི་མཐའ་འཁོར་གྱི་སྣང་ཚུལ་ཟང་ཟིང་དང་ཁུལ་ཆུང་ནང་གི་མཁའ་དཔྱང་གློག་སྐུད་ཀྱི་གློག་གསོག་སོགས་ལ་ཆེད་དོན་ལྟ་སྐུལ་བྱས་པ་དང་།དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་གིས་ཆེད་དོན་ཆེད་སྒྲིག་ལེ་ཚན་རྒྱུན་མཐུད་ངང་སྤེལ་གཏོང་བྱས་ཏེ་འགྲོ་ལམ་དང་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་ཀྱི་གནད་དོན་ལ་དམིགས་ནས་ཡུལ་དངོས་སུ་སྲིད་དོན་འདྲི་རྩད་བྱས་པ།གྲོང་དོན་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་ཆར་དུས་སྐབས་ལམ་ངོས་སུ་ཆུ་འཁྱིལ་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་བཏང་བ་དང་།《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་ནང་དམར་འདོན་བྱས་པའི་གནད་དོན་བཅོས་སྒྲིག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ།འགྲོ་ལམ་ལྔ་ཡི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་མི་བགྲོད་ལམ(ཆུ་སིམ་པའི་སོ་ཕག)སྒྱུར་བཀོད་དང་སྤྱི་པའི་གསང་སྤྱོད་གསར་རྒྱག་སོགས་གྲོང་དོན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་རིག་ལྡན་འགྲིམ་འགྲུལ་འཛུགས་སྐྱོང་དང་བརྡ་རྟགས་གློག་སྒྲོན་གྱི་དུས་ཚོད་བཀོད་སྒྲིག་ལེགས་གཏོང་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ་དང་རིགས་ཁག་གི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཁྲི་6.2ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ།ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་རྒྱུན་གཏན་གྱི་གཙང་སྦྲའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྫོང(ཆུས)ཁག་གཅིག་ཏུ་འཛུགས་སྐྲུན་གད་སྙིགས་དང་འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པ་དང་གང་བྱུང་དུ་དབྱུགས་པའི་གནད་དོན་ལ་རྗེས་སྙེགས་ལྟ་སྐུལ་བྱས་ཏེ་འཛུགས་སྐྲུན་གད་སྙིགས་སྒྲིག་འགལ་ངང་དབོར་འདྲེན་བྱེད་མཁན་རླངས་འཁོར་ཐེངས་49ཞིབ་བཤེར་བྱས་ནས་ཐག་གཅོད་བྱས་པ།ཐོན་སྐྱེད་བདེ་འཇགས་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་རྡོ་སོལ་མིན་པའི་གཏེར་རི་དང་འཛུགས་སྐྲུན་ཨར་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་གྲལ་བཤེར་ཆེན་མོ་དང་བཅོས་སྒྲིག་ཆེན་མོ་བྱས་པ་དང་།གསོག་འཇོག(མཛོད)ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བས་སྤྱིར་བཏང་གི་མངོན་མེད་རྐྱེན་ངན་ཁག་2138ཤེས་རྟོགས་བྱུང་བ་དང་ཁག་1049བཅོས་སྒྲིག་བྱས་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་སྔོ་འགྱུར་དོ་དམ་དང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་དོན་རྒྱུན་རྣམ་ཅན་དུ་དོན་འཁྱོལ་བྱས་ཏེ་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་རྣམ་གྲངས་16ལེགས་སྒྲུབ་བྱས་པ།ཁྲོམ་ར་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་གོ་རིམ་ལྡན་པའི་ངང་གསེར་དངུལ་ལས་སྣོན་ཁྲོམ་རའི་གནས་སྤོའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། ཐེན་ཧའེ་ཚོང་དོན་ཚོགས་པ་དང་ཁྱིམ་ཆས་རྙིང་པའི་ཁྲོམ་ར་སོགས་ཆེད་ལས་ཁྲོམ་ར་མང་པོ་ཞིག་རྒྱུན་གཏན་ཅན་དུ་བཅོས་སྒྲིག་བྱས་པ།འཕྲོ་ལུས་གནད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་གིས་རྣམ་གྲངས་173རྩིས་སྤྲོད་དོ་དམ་སྲུང་སྐྱོང་བྱས་པ་དང་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ་98.9ཟིན་ཡོད།
ད་ཆ་ལྷ་སའི་འགྲོ་ལམ་རྒྱ་ཆེ་རུ་ཕྱིན་པ་དང་། རླངས་འཁོར་འཇོག་ས་མང་དུ་ཕྱིན་པ།ཁོར་ཡུག་ལེགས་སུ་ཕྱིན་པ། ཁྱོན་ཡོངས་ཀྱི་རྣམ་པ་དེ་བས་མཛེས་སུ་ཕྱིན་ཡོད།དེ་གར་འཚོ་བ་སྐྱེལ་མཁན་མི་རྣམས་ཀྱིས་ཉིན་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཕྲན་བུ་ཕྱིན་པ་མྱོང་ཚོར་ཐུབ་ཀྱི་ཡོད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་བྱེད་པ་ནི་གནས་སྐབས་ཀྱི་བྱེད་ཐབས་ཤིག་མ་ཡིན་པར་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་པ་དང་།ཕྱི་ཚུལ་ཙམ་ཞིག་མ་ཡིན་པར་དམངས་འཚོའི་ལས་གཞི་ཞིག་ཡིན།ཁེར་རྐྱང་གི་ལས་ཀ་ཞིག་མ་ཡིན་པར་བརྒྱུད་རིམ་ལྡན་པའི་ལས་འགན་ཞིག་ཡིན།ཕྱིས་འབྱུང་།རང་གྲོང་གི་འབྲེལ་ཡོད་སྡེ་ཚན་དང་ཆེད་དོན་ཚོགས་ཆུང་གིས་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་ལ་དམ་པོར་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་བྱས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་དང་།གཟེར་འདེབས་པའི་སྙིང་སྟོབས་ཀྱིས་དངོས་འཛིན་དངོས་སྒྲུབ་དང་། འགག་སྒྲོལ་དཀའ་སེལ་བྱས་ཏེ།གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱ་རྒྱུ་དང་།བཅོས་སྐྱོང་བྱེད་ཐབས་དང་བྱེད་སྟངས་གསར་གཏོད་འཚོལ་ཞིབ་ཧུར་ཐག་དང་།དེང་རབས་ཀྱི་ཚན་རྩལ་དང་དོ་དམ་གྱི་འདུ་ཤེས་བེད་སྤྱོད་གང་ལེགས་བྱས་ཏེ་བཅོས་སྐྱོང་གི་ལས་ཆོད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དང་།དེ་དང་ཆབས་ཅིག་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་དུས་ཐོག་ཏུ་མངོན་གསལ་དོད་པའི་གནད་དོན་དམར་འདོན་བྱེད་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དམ་འཛིན་ནན་པོ་བྱེད་པ། དངོས་འཛིན་བཙན་འཐབ་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་དེ་རྒྱུན་རྣམ་དང་ཕུགས་ཕན་དང་།དོ་དམ་ཞིབ་ཚགས། བྱེད་མཁས་ལ་རྗེས་ཐོན་པ་བཅས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社