ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམངས་འཚོའི་བདེ་སྐྱིད་ལེགས་སུ་བཏང་ནས་འགྲུལ་པ་ཁྲི་སྟོང་མང་པོར་ཕན་པ་ཐོབ་པར་བྱས་ཡོད། ཉེ་ཆར་ཆུ་ཤུར་རྫོང་གིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བེད་སྤྱོད་གཏོང་འགོ་ཚུཊ་པའི་མཛད་སྒོ་འཚོཊ་པ་རེད།
ད་ཐེངས་ཉོས་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ནི་གློག་སྒུལ་མཁའ་རླུང་སྙོམས་ཆས་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཡིན་པ་དང་དེའི་ནང་རང་འགུལ་དངུལ་བླུག་སྒམ་དང་། སྐད་བརྡའི་ས་ཚིགས་བརྡ་ཆས། རྒན་རྒོན་གྱི་རྐུབ་སྟེགས། བདེ་འཇགས་ལག་འཇུ། མཁའ་རླུང་སྙོམས་ཆས། འཁོར་གཏོང་ཐོ་འགོད་ཡོ་ཆས། རླངས་འཁོར་ཐོག་གི་ལྟ་སྐུལ་ཚོད་འཛིན། GPSསོགས་ཞབས་ཞུའི་སྒྲིག་བཀོད་བཀོད་སྒྲིག་བྱས་ཡོད་པ་རེད། མཇུག་རླུང་མེད་པ་དང་། འཛེར་སྒྲ་མེད་པ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པ་བཅས་ནི་ད་ཐེངས་ཀྱི་གཉེར་སྐྱོང་རླངས་འཁོར་གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་དེ་ཡིན་ཞིང་། ཡངས་ཤིང་རྒྱ་ཆེ་བའི་འཁོར་སྒྲོམ་གྱི་བར་མཐོངས་ལས་འགྲུལ་པ་རྣམས་དེ་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད་པ་རེད། ནུས་རྒྱུ་གསར་པའི་རླངས་འཁོར་དེ་དག་གིས་གཉེར་སྐྱོང་གི་མ་གནས་གྲོན་ཆུང་ཐུབ་པར་མ་ཟད། བདེ་འཇགས་རང་བཞིན་དང་སྐྱིད་སྣང་དོད་པའི་རང་བཞིན་ཡང་ཆེ་རུ་ཕྱིན་ཐོག་རྒྱ་ཆེའི་འགྲུལ་པར་ཕྱིར་བསྐྱོད་ཀྱི་ཉམས་ལེན་གསར་རྐྱང་ཞིག་ཀྱང་མཁོ་སྤྲོད་ཐུབ་ཡོད་པ་རེད།
ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཚོད་གཏོང་བྱས་པ་དེ་ནི་ཆུ་ཤུར་རྫོང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་འཐབ་ཇུས་དང་ལེན་ཧུར་ཐག་ཞུ་བ་དང་། ལྗང་མདོག་ཕྱིར་སྐྱོད་དར་སྤེལ་གཏོང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་གཞན་ཞིག་རེད། ཆུ་ཤུར་རྫོང་གིས་སྤྱི་པའི་འགྲིམ་འགྲུལ་ཁྱབ་ཁོངས་སུ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་འགག་རྩའི་གོམ་སྟབས་ཤིག་སྤོས་པ་མཚོན་པར་མ་ཟད། ཆུ་ཤུར་རྫོང་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བའི་ཆོད་སེམས་བརྟན་པོ་དེ་བས་མཚོན་ཡོད།
ཆུ་ཤུར་རྫོང་འགྲུལ་སྐྱེལ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ང་ཚོས་ཁེ་ལས་ཀྱི་དོ་དམ་གྱི་ལེཊ་ཆ་དང་ལག་རྩལ་གྱི་ལེཊ་ཆ་འདོན་སྤེལ་གང་ལེཊ་དང་བེད་སྤྱོད་ཡག་པོ་བྱས་ནས་ཆུ་ཤུར་གྱི་སྤྱི་སྤྱོད་རླངས་འཁོར་འདི་ཉིད་བསམ་པའི་དཔལ་ཡོན་གྱི་སྐར་ཁུང་ཞིག་ཏུ་བཏོད་དེ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བདེ་འཇཊ་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་བྱས་ནས་ཆུ་ཤུར་རྫོང་གི་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་དང་མང་ཚོཊ་ལ་སྤུས་ལེགས་ཀྱི་ཕྱིར་སྐྱོད་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ལས་དོན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། ཆུ་ཤུར་རྫོང་སྡོད་ཁང་ཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྟབས་བདེའི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས་37གསར་སྐྲུན་བྱས་པ་དང་། སྲིད་འཛིན་གྲོང་ཚོ་18ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་འབབ་ཚིགས་འཐུས་ཚང་དུ་བཏང་བ། མ་དངུལ་སྒོར་ཁྲི་600ལྷག་ཙམ་བཏང་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་6ཉོས་པ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་ཤང(གྲོང་རྡལ)6ལ་ཁྱབ་པར་བྱས་ཡོད།
ཆུ་ཤུར་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཀྲོའུ་ལེང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོ་འགོ་འཛུགས་ས་གསར་པར་བརྩིས་ནས་དོ་དམ་ལ་ཤུགས་སྣོན་དང་། ཞབས་ཞུ་ལེགས་གཏོང་། ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བཅས་བྱས་ཏེ་སྤྱི་སྤྱོད་རླངས་འཁོར་གྱི་གཉེར་སྐྱོང་བདེ་འཇགས་དང་། གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ལ། ཁ་ལོ་བའི་ལས་སྒོའི་བྱང་ཚད་དང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་ནས་རྒྱ་ཆེའི་མང་ཚོགས་ལ་དེ་བས་སྤུས་ལེགས་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ཕྱིར་སྐྱོད་ཞབས་ཞུ་མཁོ་འདོན་བྱེད་དགོས་པའི་ཁར་གཞོགས་འདེགས་དམ་ཟབ་དང་ལྟ་སྐུལ་དོ་དམ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་མཛེས་སྡུག་ལྡན་པའི་ཆུ་ཤུར་གྱི་གཟུགས་བརྙན་གསར་པ་མགྱོགས་མྱུར་བསྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社