ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།2024ལོའི་ལྷ་སའི་གཞོན་ནུ་སློབ་མའི་མི་རིགས་མཐུན་སྒྲིལ་དང་ཅང་སུའུ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་གྱི་བྱེད་སྒོ་དེ་ནན་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་ཚན་རྩལ་ཚོགས་ཁང་དུ་སྤེལ་འགོ་ཚུགས་པ་རེད།ད་ཐེངས་ཀྱི་བྱེད་སྒོར་ཞུགས་མཁན་དགེ་སློབ་30ཚང་མ་ཅང་སུའུ་སློབ་གསོའི་ཁ་གཏད་རོགས་སྐྱོར་དང་གུང་གཞོན་སྡེ་ཚོགས་ཅང་སུའུ་ཞིང་ཨུད་ཀྱིས་འདེམས་གཏོང་བྱས་པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་ཞབས་འདེགས་ཞུ་བའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དང་།ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ།སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པ་བཅས་ནས་ཡིན་པ་རེད།བྱེད་སྒོ་སྤེལ་བའི་ཉིན་དེར་ཚང་མས་ནན་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་ཁང་དང་སློབ་གྲྭར་ལྟ་སྐོར་བྱས་ནས་སློབ་གྲྭའི་འཕེལ་རྒྱས་ལོ་རྒྱུས་དང་འཛུགས་སྐྲུན་གྱི་གྲུབ་འབྲས་སོགས་ཤེས་རྟོགས་བྱས་པ་རེད།ནན་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་དུ་སློབ་སྦྱོང་བྱེད་མུས་ཀྱི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ཁག་གཅིག་གིས་རང་ཉིད་ཀྱི་སློབ་སྦྱོང་དང་འཚར་ལོངས་ཀྱི་བརྒྱུད་རིམ་མཉམ་སྤྱོད་བྱས་ཏེ་ལྷ་སའི་སློབ་མར་དད་སེམས་དང་ཕུགས་བསམ་སོགས་གླེང་ནས་ཚང་མར་ཏན་ཏན་ཏིག་ཏིག་དང་མིག་རྒྱང་རིང་པོས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་དེ་གྲུ་གཡོར་བསྐྱོད་པའི་སྒུལ་ཤུཊ་སུ་འགྱུར་བར་བྱས་ནས་ལང་ཚོ་དང་དུས་རབས་ཆུད་ཟོས་སུ་མི་གཏོང་རྒྱུའི་སྐུལ་ལྕག་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་དམིཊ་ཡུལ་ནི་སུའུ་ལྷ་ས་གནས་གཉིས་ཀྱི་མི་རིཊ་ཁག་གི་གཞོན་ནུ་ལོ་ཆུང་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ལྷ་སའི་གཞོན་ནུ་སློབ་མ་དེ་བས་མང་བས་ཅང་སུའུ་ཡི་མཐོ་སློབ་ཤེས་རྟོཊ་ཐུབ་པ་དང་།འབྱུང་འགྱུར་གྱི་སློབ་སྦྱོང་དང་ལས་རིཊ་འཕེལ་རྒྱས་ལ་འཆར་འགོད་སྔར་བས་ཡག་པོ་བྱེད་པ།གཞོན་ནུ་ལོ་ཆུང་གིས་ཏང་གི་བཀའ་དྲིན་ཚོར་བ་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུ་དེ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社