分享按钮

ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་ཁང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།རྒྱལ་ཡོངས་ཀྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་།ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་ཁང་ལ་རྒྱལ་ཡོངས་ཀྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་མཚན་སྙན་ཐོབ་ནས་རྒྱལ་ཡོངས་འགག་སྒོའི་ཁོངས་གཏོཊ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཚན་པ་འབའ་ཞིག་དེར་གྱུར་ཡོད།

ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་ཁང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་མི་རིཊ་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོཊ་ཀྱི་མཚན་སྙན་ཐོབ་པ་རེད།ལོ་རྒྱུས་འགྲེམས་ཁང་དེས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་དེ་འགྲེམས་ཁུལ་7ལ་ཁྱབ་པར་བྱས་པ་དང་།2008ལོར་འགྲེམས་ཁང་བཙུགས་པ་ནས་བཟུང་ཁྱོན་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་13ལ་སྣེ་ལེན་ཞུས་ནས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་ཁང་གི་འགོ་བརྗོད་ཚོམས་ཆེན་གྱིས་ཏང་གི་འོད་ཟེར་མཐའ་མཚམས་འགག་སྒོར་འཕྲོད་ཅེས་པ་གཙོ་དོན་དུ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཧྥུའུ་འགག་སྒོ་ལས་ཁུངས་ཀྱི་ལས་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་མངོན་པར་བྱས་པ་དང་།དཀའ་སྤྱད་ལས་གཏོད་དང་སྔ་འཛིན་ཕྱི་གཏོད་ལས་ས་མཐོའི་འགག་སྒོའི་ལས་ཁུངས་ཀྱི་མི་སྣ་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་མངོན་པ།“གཟི་བརྗིད་ཁང”གིས་ལྷ་ས་འགག་སྒོ་བཙུགས་ཚུན་ཐོབ་པའི་རྩ་ཆེའི་གཟི་བརྗིད་མཚན་སྙན་འགྲེམས་སྟོན་བྱས་ནས་ལྟ་སྐོར་བ་ཡོངས་ཀྱིས་རླབས་ཆེན་དུས་རབས་དེར་དྲིན་ཚོར་དང་སྔོན་བྱོན་པ་ཚོར་ལང་ཚོ་དང་ཁྲག་དྲོན་ལས་གྲུབ་པའི་གཟི་བརྗིད་མཚན་སྙན་ལ་དྲིན་ཚོར་བྱ་རྒྱུའི་སྐུལ་ལྕག་བྱས་པ་སོགས་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-06 6 6 拉萨日报藏文 c189038.html 1 ལྷ་ས་འགག་སྒོའི་ལོ་རྒྱུས་འགྲེམས་ཁང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ། /enpproperty-->