ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། གྲོང་ཁྱེར་མི་དམངས་སྨན་ཁང་། ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་། བར་སྐོར་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་བཅས་དང་མཉམ་དུ་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་དུ་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་ཞུ་བསྒྲུབ་པའི་བྱ་སྤྱོད་ཀྱི་འོས་འགན་སྨན་བཅོས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མི་མང་ཞིང་འཁྲུག་ཆ་དོད་པོ་ཡོད་པ་རེད། གྲོང་ཁྱེར་མི་དམངས་སྨན་ཁང་དང་ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་ནས་ཡིན་པའི་རིགས་གཅིག་མཁས་ཅན་4ཡིས་དེ་གར་ཡོད་པའི་གྲོང་མིར་རིན་མེད་ངང་ཁྲག་ཤེད་ལྟ་བ་དང་ཁྲག་མངར་ཚད་འཇལ་གྱི་ཞབས་ཞུ་བསྒྲུབ་བཞིན་པ་དང་སྦྲགས། མི་རེའི་གཟུགས་གཞིའི་གནས་ཚུལ་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བཟའ་བཏུང་བྱེད་དགོས་པ་དང་། ཁོ་ཚོར་ཇི་ལྟར་བྱས་ནས་ལུགས་མཐུན་གྱི་བཟའ་བཏུང་ལ་བརྟེན་ནས་ནད་རིགས་སྔོན་འགོག་བྱེད་དགོས་པའི་ཐད་མཛུབ་སྟོན་བྱས་པ་རེད། བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྱི་གྲོང་མི་སྒྲོལ་དཀར་གྱིས་རྒྱལ་སྟོན་དུས་ཆེན་རིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚན་པས་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ང་ཚོའི་སྡེ་ཁུལ་དུ་འོས་འགན་སྨན་བཅོས་བྱེད་པར་ཕེབས་པས་ངོ་ཚོ་དགའ་པོ་བྱུང་ལ། ཁོང་ཚོས་སྤྲད་པའི་སྨན་ཡང་སྤྱོད་གོ་ཆོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་དོན་ཁོའོ་ཡི་ཁོའོ་ཀྲང་ཚེ་གཡང་གིས་ཕྱིས་འབྱུང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོའི་ནང་དོན་དང་རྣམ་པ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། གྲོང་མི་མང་ཚོགས་ཚང་མར་སྤུས་ཚད་མཐོ་བའི་བདེ་ཐང་ཞབས་ཞུ་དུས་ཐོག་ཏུ་ཐོབ་པ་བཅས་བྱས་ནས་སྡེ་ཁུལ་གྱི་སྤྱི་ཡོངས་ཀྱི་བདེ་ཐང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེཊ་ཞུ་བའི་རྩ་བའི་དམིཊ་ཡུལ་ལག་ལེན་དུ་བསྟར་ནས་སྤུས་ལེཊ་ཀྱི་སྨན་བཅོས་ཞབས་ཞུ་མང་ཚོཊ་ཀྱི་གམ་དུ་ཁྱབ་གདལ་བཏང་བས་ཚང་མས་བདེ་ཐང་འཚོ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེཊ་ཐུབ་སྟེ། བདེ་ཐང་གི་འཚོ་བའི་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社