(པར་ངོས་དང་པོར་མཐུད)
《སྲིད་ཇུས་དོན་ཚན་བརྒྱད》ཀྱི་ནང་དོན་དེ་ཞིང་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟོ་ལས་ཀྱི་ཐོན་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། ཚོང་ཟོག་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ། སྡོད་ཁང་གི་དགོས་མཁོ་ལེཊ་སུ་གཏོང་བ། རླངས་འཁོར་ཉོ་བའི་འཛད་སྤྱོད་རྒྱ་ཆེར་ནུས་ལྡན་གཏོང་བ། ཁྱིམ་ཆས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུཊ་སྔོག་འདོན་བྱེད་པ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་དང་འབྲེལ་བ་ཡོད། 《སྲིད་ཇུས་དོན་ཚན་བརྒྱད》ཀྱི་ནུས་པར་བརྟེན་ནས་ཟླ་8པའི་བར་རང་གྲོང་གི་དྲ་ཐོག་གི་རྡོ་སྣུམ་རིཊ་དང་འཕྲིན་གཏོང་ཡོ་བྱད་རིཊ་ཀྱི་སིལ་ཚོང་དངུལ་འབོར་རིམ་རྩིས་བྱས་ན་དུས་མཚུངས་ལས་ཁག་སོ་སོར་བརྒྱ་ཆ་10.9དང་བརྒྱ་ཆ35.3འཕར་བ་དང་། དྲ་ཐོག་གི་འཛད་སྤྱོད་ཐོན་རྫས་ཀྱི་སིལ་ཚོང་དངུལ་འབོར་འཕར་ཚད་ཁག་སོ་སོར་བརྒྱ་ཆའི་གྲངས་1.3དང་0.7སྐུལ་ཁྲིད་བྱས་ཡོད། རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3482.81ལ་སྣེ་ལེན་ཞུས་པ་དེ་བརྒྱ་ཆ་13.55འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་435.08བྱུང་ནས་བརྒྱ་ཆ་14.68འཕར་བ། གྲོང་ཁྱེར་ཡོངས་ཀྱི་ཕྱི་ཕྱོཊ་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་32.5ཟིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དངུལ་འབོར་དེ་ཕྱིར་གཏོང་འཕར་ཚད་ལས་མྱུར་བ་དང་སྤྱི་འབོར་ཕྱིར་གཏོང་ལས་དམའ་བའི་ཁྱད་ཆོས་མངོན་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社