分享按钮

(པར་ངོས་དང་པོར་མཐུད)

ལྗོངས་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི་རྒྱང་ཁྲིད་བརྙན་ལམ་གྱི་སྐབས་འཕྲལ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་ལ་ད་ཡོད་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་22300ཚུད་ཡོད་པ་དང་། ལས་བཟོ་བ་མི་རེ་ངོ་རེའི་ཁྱིམ་ཚང་གི་ཁོངས་མི་བཞི་རྣམ་གྲངས་ནང་བཅུག་ནས་ཞབས་ཞུའི་རྣམ་གྲངས་ཀྱི་ནང་དོན་ཚང་མ་ལོངས་སུ་སྤྱོད་ཆོག་པ་དང་། སྔོན་དཔག་བྱས་པ་ལྟར་ན་རྣམ་གྲངས་ལས་མི་ཁྲི་11ལ་ཕན་པ་ཐོབ་རྒྱུ་རེད། གཞན་ཡང་། རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་རྣམ་གྲངས་བེད་སྤྱོད་བྱེད་ཐབས་ཐད་སྔར་བས་ཤེས་རྟོགས་དང་ཞབས་ཞུའི་ནང་དོན་ཁག་བེད་སྤྱོད་ཡག་པོ་བྱ་ཆེད། བྱེད་སྒོའི་ཐོག་ད་དུང་དྲ་སྦྲེལ་གྱི་ལག་རྩལ་མི་སྣ་གདན་དྲངས་ནས་བེད་སྤྱོད་བྱེད་ཐབས་གསོ་སྦྱོང་དང་དོགས་གཞིར་ལན་འདེབས་པ། རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་དེ་བཞིན་ནང་མིས་དྲ་ཐོག་ནས་ཐད་གཏོང་ལ་ལྟ་བ་དང་། མཉམ་འགུལ་བྱེད་པ། གསོ་སྦྱོང་ནང་ཧུར་ཐག་ཞུགས་པ་རེད།

ཕྱིས་འབྱུང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྣམ་གྲངས་དོན་འཁྱོལ་དང་དེ་བཞིན་དུས་མཇུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་། རྒྱུན་རྣམ་ཅན་གྱི་ཚོགས་མིའི་བདེ་ཐང་གཅེས་སྐྱོང་ཞབས་ཞུའི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ། ཚོགས་མིའི་བདེ་ཐང་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་ཞབས་ཞུའི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱ་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-06 6 6 拉萨日报藏文 c189032.html 1 /enpproperty-->