(པར་ངོས་དང་པོར་མཐུད)དུས་རབས་བཞི་ཆ་གསུམ་གྱི་གོང་དུ། ཨུ་རུ་སུས་འཛམ་གླིང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་སྔ་ཤོས་བླངས་པ་དང་འབྲེལ་དེ་མུར་ཀྲུང་གོ་གསར་པ་དང་རོགས་ལས་ཀྱི་འབྲེལ་བ་དམ་པོ་བཙུགས་པ་རེད། ཨུ་རུ་སུ་དང་ཀྲུང་གོའི་དམ་ཚགས་གཉིས་ཕན་གྱི་འབྲེལ་བས་དུས་ཚོད་ཀྱི་ཚོད་བགམ་ཐེག་ཡོད། མིག་སྔར། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་དང་། དཔལ་འབྱོར། ཚན་རྩལ་སོགས་ཁྱབ་ཁོངས་ཁག་ནང་མཉམ་ལས་ཧུར་ཐག་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་མཉམ་ལས་ནུས་ལྡན་བྱས་ཏེ་དྲང་གཞག་གི་སྣེ་མང་འཛམ་གླིང་གི་ཆགས་སྟངས་ཤིག་གཏོད་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཐུག་འཕྲད་བྱེད་རིང་བྱུང་བའི་ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཡོ་རོབ་དང་ཨ་ཤེ་ཡའི་སྐམ་ས་ཆེ་མོ་དང་དེ་བཞིན་འཛམ་གླིང་ཧྲིལ་པོའི་བདེ་འཇགས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་ང་ལ་ཡིད་ཆེས་ཡོད་ཅེས་བསྟན་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社