分享按钮

འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པར་སྣེ་ཁྲིད་བྱས་པ།

(པར་ངོས་དང་པོར་མཐུད)ནུས་ལྡན་གྱི་གཙང་འགྱུར་བརྒྱུད་རིམ་རབ་དང་རིམ་པ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་རིམ་པ་དང་པོའིAཡི་ཚད་གཞིར་སླེབས་རྗེས། མིས་བཟོས་འདམ་རའི་ནང་དུ་གློད་ནས་སྔར་ལས་སྐྱེ་ཁམས་ཅན་གྱི་ཐག་གཅོད་བྱས་ཏེ། ས་ངོས་ཀྱི་ཆུའི་ཚད་གཞི་རིགས་ལྔ་ལ་སླེབས་ཡོད། ང་ཚོས་མུ་མཐུད་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ནས་ལག་རྩལ་གསར་གཏོད་དང་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། བཙོག་ཆུ་གཙང་སེལ་དང་ཐོན་ཁུངས་ཅན་དུ་འགྱུར་བའི་བེད་སྤྱོད་ཀྱི་ཐབས་ལམ་གསར་པ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། གྲོང་ཁྱེར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་གི་འདུ་ཤེས་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད། ཁོར་ཡུག་ལྟ་སྐུལ་དོ་དམ་ལ་ཤུཊ་སྣོན་རྒྱག་པ་དང་།ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར།ལྗང་མདོག་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀ་མངོན་འགྱུར་བྱུང་ཡོད། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པའི་བོད་ལྗོངས་བོད་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་དེ་ནི་ལྗོངས་ཡོངས་ཀྱི་ལྷུ་སྒྲིག་བཟོ་ལས་ཅན་གྱི་མ་ལག་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་དུ་བཀོལ་སྤྱོད་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་གཞི་ཁྱོན་ལྡན་པའི་ཁེ་ལས་དང་པོ་ཡིན་པའི་ངོས་ནས་ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ།ཚད་ལྡན་འཁོར་སྐྱོད་བྱ་རྒྱུར་དམ་འཛིན་ནན་པོ་བྱས་པ་དང་། ཉུང་འཕྲི་ཅན་དང་།གནོད་མེད་ཅན།ཐོན་ཁུངས་ཅན་བཅས་ཀྱི་བླང་བྱ་ལྟར་ཀུང་སིས་འཛུགས་སྐྲུན་གད་སྙིགས་ཐག་གཅོད་ཀྱི་རྩིས་ཐོ་འཐུས་ཚང་དུ་གཏོང་བ་དང་ལྗང་མདོག་ཇུས་འགོད་ཀྱི་འདུ་ཤེས་ནང་འདྲེན་ཧུར་ཐག་བྱས་ཏེ་བཟོ་ཁང་ལེགས་བསྡུས་ཅན་དང་།བེད་མེད་ཟོག་རོ་ཐོན་ཁུངས་ཅན།ནུས་རྒྱུ་ཐཱན་ཉུང་ཅན་སོགས་ལ་དམ་འཛིན་བྱས་ནས་ཐོན་ཟོག་གི་དུས་འཁོར་ཧྲིལ་པོའི་ཁོར་ཡུག་གི་ཤུགས་རྐྱེན་ཉུང་དུ་བཏང་བར་མ་ཟད།ཐོན་སྐྱེད་ཁྲོད་ཀྱི་ཨར་འདམ་དང་།རས་ཕད་ནང་བླུགས་པའི་ཨར་འདམ། ལྕགས་རྩིབས་སོགས་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་འཚམ་པར་བྱས་ཏེ་བཟོ་རྩལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

བོད་ལྗོངས་བོད་སྐྲུན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅིན་ཅན་གྱིས་རྒྱལ་ཁབ་ཀྱི་ལྗང་མདོག་དཔེ་སྟོན་བཟོ་གྲྭ་དང་རྒྱལ་ཁབ་ཀྱི་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ཐོན་ལས་རྟེན་གཞིའི་མཚན་སྙན་ཐོབ་པ་དེས་ང་ཚོས་རྒྱུན་མཐུད་འཕེལ་རྒྱས་ལ་ཁས་ལེན་དང་བྱ་སྤྱོད་སྤེལ་བ་མཚོན་གྱི་ཡོད།མ་ཟད་ང་ཚོས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་གྱི་བླང་བྱར་དམ་པོར་དམིགས་ཏེ་ཐོན་རྫས་དང་ཞབས་ཞུ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་དཔལ་འབྱོར་གྱི་ཕན་འབྲས་དང་ཁོར་ཡུག་གི་ཕན་འབྲས་གཉིས་ཁེ་བྱུང་ཡོད།སླད་ཕྱིན་ང་ཚོས་ཚན་རྩལ་ལ་བརྟེན་ནས་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཁེ་ལས་ཀྱི་འགན་འཁྲི་མུ་མཐུད་ལག་བསྟར་བྱས་ཏེ་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་རང་ངོས་ཀྱི་ལྗང་མདོག་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་འཛུགས་གཏོད་བཞིར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད་ཁེ་ལས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གྱིས་གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན།གྲུབ་འབྲས་ཀྱི་ཕྱོགས་སྟོན་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལས་ཀའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།ལྟ་ཞིབ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྟོབས་ཤུགས་ཆེ་བ་དང་། མང་ཚོགས་འབྱོར་ཕྱུག་ལྡན་པ།འབྱུང་ཁམས་ལེགས་པ་བཅས་ཀྱི་དུས་རབས་གསར་པའི་བདེ་སྐྱིད་ཀྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ།འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། ལྷ་ས་གྲོང་ཁྱེར་གྱི་གནམ་དེ་བས་གཡའ་དག་ཅིང་།ས་གཞི་དེ་བས་སྔོ་ལྗང་ལྡན་པ། ཆུ་མོ་དེ་བས་དྭངས་བ་བཅས་ལ་སྐུལ་འདེད་བཏང་བར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཆུན་གྱིས་ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ལེགས་པ་ལྔ་མཉམ་གཏོད་ཀྱི་བྱ་ཐབས་དམིགས་ཚད་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་12345ཡི་ལས་ཀའི་བསམ་ཕྱོགས་དོན་འཁྱོལ་ནན་ཏན་བྱེད་པ། འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཐད་གདོང་དམག་ཡག་པོ་ཞིག་བྱེད་ཀྱི་བཞིན་ཡོད་ཅེས་བཤད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་རང་གྲོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་དང་།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་མུ་མཐུད་ཁུར་བ། དེ་བས་དཔའ་ངར་ཆེ་བ་དང་དེ་བས་ཏན་ཏིག་གི་སྤྱོད་ཚུལ་ཐོག་ནས་དེ་བས་མཐོ་བའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c189012.html 1 འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པར་སྣེ་ཁྲིད་བྱས་པ། /enpproperty-->