(པར་ངོས་དང་པོར་མཐུད)ལྟ་སྡོམ་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་ལྟ་སྡོམ་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་ཀྱི་ཡོད།
ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་སྤྱོད་འགོ་ཚུགས་རྗེས། བར་སྣང་ཁྱབ་ཁོངས་ཀྱི་ཐོན་ཁུངས་སྔར་བས་ནུས་ལྡན་ངང་བེད་སྤྱོད་པ་དང་། ལྟ་སྡོམ་གྱི་བར་ཐག་ཆུང་དུ་གཏོང་བ། བར་སྣང་ཁྱབ་ཁོངས་ཀྱི་ཤོང་ཚད་ཆེ་རུ་གཏོང་བ། མི་མངོན་པའི་ཉེན་ཁ་ཆུང་དུ་གཏོང་བ་སོགས་ལ་ནུས་པ་ཆེན་པོ་ཐོན་ཐུབ་པར་མ་ཟད། ལྷག་པར་དུ་ཛ་དྲག་གི་གནས་ཚུལ་འོག་ལྟ་སྡོམ་ཁང་གིས་དུས་ཐུང་ནང་གནམ་གྲུ་འགྲོ་འོང་བྱེད་པའི་གོ་རིམ་ལེགས་སྒྲིག་བྱེད་ཐུབ་པ་དང་། དམིགས་བསལ་གནས་ཚུལ་གྱི་དུས་གཏན་གནམ་གྲུར་ཐོལ་བྱུང་གནས་ཚུལ་ཐག་གཅོད་བྱེད་པའི་དུས་ཚོད་དང་མཐོངས་དེ་བས་མང་བ་མཁོ་འདོན་ཐུབ། དུས་མཚུངས་སུ་འཁོར་སྐྱོད་ཀྱི་གནོན་ཤུགས་དོ་སྙོམས་དང་འཁོར་སྐྱོད་ཀྱི་རྙོག་འཛིང་ཚད་དམའ་རུ་གཏོང་ཐུབ་ནས་མཁའ་འགྲུལ་དོ་དམ་གྱི་བདེ་འཇགས་དང་ལས་ཕྱོད་འགན་ལེན་ལ་ཕན་པ་བསྐྲུན་རྒྱུ་རེད།
སླད་ཕྱིན། མཁའ་འགྲུལ་དོ་དམ་ལྟེ་གནས་ཀྱིས་ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་གི་འཁོར་སྐྱོད་བྱེད་སྟངས་མུ་མཐུད་ལེགས་སུ་གཏོང་རྒྱུ་དང་། འཁོར་སྐྱོད་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ། ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་འཁོར་སྐྱོད་བྱེད་འགོ་འཛུགས་པའི་རྨང་གཞིའི་ཐོག་ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁུལ་གྱིས་ADS-Bལྟ་སྐུལ་དོ་དམ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་འཕུར་སྐྱོད་བདེ་འཇགས་ལ་འགན་ལེན་དང་དུས་གཏན་གནམ་གྲུ་རྒྱུན་གཏན་ངང་འཕུར་སྐྱོད་ཐུབ་ཚད་མཐོ་རུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་མ་ཟད། མཁའ་འགྲུལ་དོ་དམ་བྱ་གཞག་གིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ས་གནས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་དམངས་ཀྱི་འགྲུལ་བཞུད་ལ་ཞབས་འདེགས་ཞུ་བའི་ལས་འགན་གཟི་བརྗིད་ཅན་ལག་ལེན་དུ་ཧུར་ཐག་བསྟར་རྒྱུ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社