(པར་ངོས་གཉིས་པར་མཐུད)མང་ཚོགས་ཀྱི་འཐུས་མི་བརྗིད་ཉམས་ལྡན་པའི་ངང་ཡར་ལངས་ནས་རྒྱལ་དར་ལ་གུས་ལུགས་མཚོན་པར་བྱས་པ་དང་ཚང་མས་མཉམ་དུ་རྒྱལ་གླུ་མཐོན་པོར་བླངས་ནས་རླབས་ཆེན་མེས་རྒྱལ་ལ་བླ་ན་མེད་པའི་གུས་འདུད་དང་སྨོན་འདུན་བཟང་པོ་ཞུས་པ་རེད།
དེ་རྗེས་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མང་ཚོགས་ལ་གོ་བདེ་བའི་སྒྲོག་འགྲེལ་བྱས་པ་དང་འབྲེལ། མཉམ་དུ་ཀྲུང་གོ་གསར་པའི་ལོ་75རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ནས་མང་ཚོགས་ཀྱིས་མེས་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་སྔར་བས་ཤེས་རྟོགས་ཐུབ་པ་དང་། སྔོན་གཤེགས་དཔའ་བོའི་ཕུགས་རེ་རྒྱུན་འཛིན་ཐུབ་པ། ཏང་ལ་ལྷག་བསམ་རྣམ་དག་དང་། གསར་བརྗེར་ལྷག་བསམ་རྣམ་དག མི་དམངས་ལ་ལྷག་བསམ་རྣམ་དག་བཅས་ཀྱི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལ་སློབ་སྦྱོང་བཅས་བྱས་ཏེ་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་མང་ཚོགས་ཀྱི་མོས་སེམས་སྔར་བས་འཕེལ་བར་བྱས་པ་རེད། བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ལྷན་གྱི“ཨུ་ལྷན་གཉིས”ཀྱིས་ད་དུང་གྲོང་ལྷན་གྱི་དབང་པོ་སྐྱོན་ཅན་73དང་མ་མཐའི་འཚོ་བའི་འགན་ལེན་གྱི་དཀའ་ངལ་ཡོད་པའི་མང་ཚོགས་དུད་ཚང་17ལ་ཁྲོམ་རའི་རིན་གོང་ལྟར་ན་སྒོར་ཁྲི་55ཙམ་ཟིན་པའི་ཞལ་འདེབས་དངོས་ཟོག་སྤྲད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དྲོ་སྐྱིད་དང་དོ་ཁུར་བརྒྱུད་སྤྲོད་བྱས་པ་རེད།
(བྱམས་པ་ཚེ་རིང་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社