(པར་ངོས་དང་པོར་མཐུད)ལྗར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་པའི་ཕྱོགས་སུ་སྐྱོད་པ་དང་། ཀྲུང་གོ་དང་ལྗར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་གི་ངོས་འཛིན་ལ་བརྩི་སྲུང་ཞུས་ཐོག རྒྱལ་ཁབ་གཉིས་པོའི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་དགོས་མཁོ་དང་མཐུན་པའི་དགེ་མཚན་ལྡན་པ་དང་བརྟན་ལྷིང་གི་ཀྲུང་ལྗར་འབྲེལ་བ་འཛུགས་རྒྱུར་གཞོལ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཧྲི་ཕོ་མའོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་བྱེད་པ་དང་། མཛའ་གྲོགས་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་དགོས་ཞེས་བསྟན་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社