分享按钮

2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པ་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་རབས་གསར་པའི་ལུས་རྩལ་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཞིག་རེད། ལོ་20ལྷག་ཙམ་རིང་། ཕྱི་རོལ་ལུས་རྩལ་རྣམ་གྲངས་དང་། ཕྱི་རོལ་རིག་གནས་ཉམས་ལེན། ཕྱི་རོལ་རྩལ་ནུས་གསོ་སྦྱོང་སོགས་གཞི་གཅིག་ཏུ་བསྡུས་ནས་ཕྱོགས་བསྡུས་རང་བཞིན་གྱི་རི་འཛེག་ཚོགས་ཆེན་འདི་གྲུབ་པ་དང་། རྒྱལ་ནང་གི་རི་འཛེག་ལས་རིགས་སུ་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེན་པོ་ལྡན་ཡོད། ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ཡིན་པའི་གནས་མཆོག་ལྷ་སའི་ལོ་རྒྱུས་རིག་གནས་ནི་རྔམ་མཐུག་ཅིང་ངོ་མཚར་ཆེ་བ་དང་། གནས་རི་དང་བླ་མཚོ་སོགས་མཛེས་ལྡན་གྱི་ཡུལ་ལྗོངས་མང་བ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་རྫོགས་མཐའ་མེད་པས། གནས་འདི་ནི་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཉི་འོད་ཀྱི་གྲོང་ཁྱེར་ལྟ་བུ་ཞིག་དང་། བློ་ཡུལ་དུ་ཕུགས་འདུན་གཉེར་སའི་གནས་མཆོག་ལྟ་བུ་ཞིག་འཆར་གྱི་ཡོད་ཅེས་གསུངས་པ་རེད།

ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་བསྟུན་མཁས་སྒོ་དབྱེ་དང་བྱ་དངོས་ཡོད་ཚད་ཀྱི་ཞི་མཐུན་བློ་རུ་འཆང་བ་དང་། ཆེད་ལས་ཅན་དང་སེམས་རྩ་འཁོལ་པོ་རྒྱུན་འཛིན་བྱེད་པ། བརྩེ་བ་ཟབ་མོ་འཆང་བ་བཅས་ཀྱི་སྒོ་ནས་ནུས་ཤུགས་གང་ཡོད་ཀྱིས་རྣམ་གྲངས་ཀྱི་ཞབས་ཞུའི་ལས་དོན་ལེགས་པར་་བསྒྲུབ་རྒྱུ་ཡིན། ལུས་རྩལ་པ་ཚོས་ཀྱང་རི་འཛེག་དང་རྐང་ཐང་མར་སྐྱོད་སྐབས་མི་ཚེར་ཕན་ཐོགས་པའི་ཤེས་བྱ་འཚོལ་ཞིབ་བྱ་རྒྱུ་དང་། རི་ཆུ་མཐོང་བའི་ལམ་བུར་རི་འཛེག་གི་ཕུགས་འདུན་འགྲུབ་པར་བྱ་རྒྱུ། ལྷག་བསམ་ཟོལ་མེད་ངང་གྲོགས་པོ་གསར་པ་དེ་བས་མང་བར་ལྷ་སའི་ཡངས་པ་ཅན་གྱི་ས་འོག་ཚ་ནུས་ཀྱི་ངོ་མཚར་མཛེས་ལྗོངས་ངོ་སྤྲོད་བྱས་ནས་ཡུལ་སྐོར་གྱི་ཕུགས་འདུན་དོན་གཉེར་བྱ་རུ་འཇུག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལའེ་མིང་གིས་ཤིས་ཚིག་སྒྲོན་སྐབས། སྐབས་འདིའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་ལ་རི་བོ་ལྷོ་སྟོད་ཀྱི་རི་འཛེག་ཉུལ་དཔྱད་བྱེད་སྒོ་དང་། བྱེས་བགྲོད(སྒར་རྒྱག)རྐང་ཐང་འདུ་ཚོགས། བོད་རང་སྐྱོང་ལྗོངས་བྲག་འཛེག་ཡོངས་བསྒྲགས་འགྲན་བསྡུར་བཅས་ཡན་ལག་རྣམ་གྲངས་གསུམ་བཀོད་སྒྲིག་བྱས་པར་མ་ཟད། ད་དུང་2024ལོའི་ཤོག་བུ་ལའི་བྱེས་བགྲོད་རྐང་འཁོར་འགྲན་བསྡུར་ཡང་གཉེར་རྒྱུ་ཡིན་པས། ཚང་མས“གངས་རིར་འཛེག་པ་དང་། མཛེས་ལྗོངས་ལ་ལྟ་བ། གངས་ཤུད་དང་རིར་འཛེག་པ། རང་བྱུང་ཁམས་དང་ཉེ་བར་བཅར་བ། མཐར་སོན་འགྲན་བསྡུར། རང་ཉིད་ལས་རྣམ་པར་རྒྱལ་བ”བཅས་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

འགོ་ཚུགས་མཛད་སྒོའི་ཐོག རི་འཛེག་ཉུལ་དཔྱད་ཀྱི་འཐུས་མི་དང་། བོད་ལྗོངས་ཀྱི་བྱེས་བགྲོད་རྐང་ཐང་འདུ་ཚོགས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་བྲག་འཛེག་ཡོངས་བསྒྲགས་འགྲན་བསྡུར་གྱི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་ཞིང། འགྲན་ཞུགས་ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མིས་དམ་བཅའ་བཞག་པ་རེད།

ཚོགས་ཞུགས་འགོ་ཁྲིད་ཀྱིས་བྱེད་སྒོ་ཁག་གི་དར་ཆ་སྤྲད་པ་དང་འབྲེལ་ཤོག་བུ་ལའི་བྱེས་བགྲོད་རྐང་འཁོར་འགྲན་བསྡུར་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c189004.html 1 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པ་འགོ་ཚུགས་པ། /enpproperty-->