(པར་ངོས་དང་པོར་མཐུད)
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དུད་ཚང་དུ་བསྐྱོད་ནས་སྐུད་ལམ་སྒྱུར་བཀོད་བྱེད་པའི་འོས་འགན་ལས་དོན་ནང་། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས“དམངས་ཀྱི་འདོད་འདུན་སྒྲུབ་པ”དང་།“གནད་དོན་འཕྲལ་མར་ཐག་གཅོད་བྱེད་པའི”ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། མཐོ་གསར་སེམས་སྦྲེལ་ཟམ་པའི་ཏང་ཡོན་ཞབས་ཞུའི་རུ་ཁག་གི“དུས་རབས་ཀྱི་མིག་དཔེའི”སྙིང་སྟོབས་དར་སྤེལ་དང་ལག་ལེན་བསྟར་བ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་དུད་ཚང་རེ་རེ་བཞིན་གྲལ་བཤེར་བྱས་ཐོག རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིའི་ཏང་ཡོན་ཞབས་ཞུ་རུ་ཁག་མང་ཚོགས་ཀྱི་ཁྱིམ་དུ་ཐེངས་མང་བསྐྱོད་དེ་ཞིབ་བཤེར་བྱས་ནས་སྒྱུར་བཀོད་ཇུས་གཞི་བཟོས་ཤིང་། དུད་ཚང་ཚང་མའི་གནས་ཚུལ་གཞིར་བཟུང་། བཅོས་སྒྲིག་གི་འཆར་གཞི་ཞིབ་ཕྲ་བཟོས་པར་མ་ཟད། ཀུང་སི་དེའི་ཏང་ཡོན་ཞབས་ཞུའི་རུ་ཁག་8སྒྲིག་འཛུགས་བྱས་ཏེ། ཁག་གཉིས་སུ་བགོས་ནས་རུ་མི་47དང་རླངས་འཁོར་10བཀོད་སྒྲིག་བྱས་ཡོད། ཉིན་13གྱི་རིང་། སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉལ་གྲོང་ཚོའི་དུད་ཚང་172ཀྱི་ཁྱིམ་གྱི་གློག་སྐུད་རྙིང་པར་གྱུར་པ་དང་གློག་སྤྱོད་པའི་ཁྲོད་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས། མང་ཚོགས་ཀྱིས་བདེ་འཇགས་ངང་གློག་སྤྱོད་རྒྱུར་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཞབས་ཞུའི་རུ་ཁག་གིས་གྲོང་ཚོའི་ཚོགས་ཆུང་དང་འབྲེལ་གཏུགས་ལམ་སྲོལ་བཙུགས་ཏེ། མང་ཚོགས་ལ་བདེ་འཇགས་ངང་གློག་སྤྱོད་པ་དང་གྲོན་ཆུང་ངང་གློག་སྤྱོད་པའི་སྐོར་གྱི་རྒྱུན་ཤེས་འགྲེལ་བཤད་བརྒྱབ་པ་དང་། བསྒར་ཁུང་དང་ནུས་རྒྱུ་བསྲི་ཚགས་ཀྱི་གློག་བཞུ་400ལྷག་ཙམ་སྤྲད་དེ།ཏང་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”བཙུགས་ཡོད།
ཕྱིས་འབྱུང་། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས“མི་དམངས་གློག་ལས་ཀྱིས་མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི”ཁེ་ལས་ཀྱི་དམིགས་ཡུལ་ལག་ལེན་བསྟར་ཏེ། ཏང་ཡོན་ཞབས་ཞུའི་རུ་ཁག་གི་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་། གློག་ཤུགས་ཐོན་ཁུངས་དེ་བས་མང་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་བཀོད་སྒྲིག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། གྲོང་གསེབ་དར་རྒྱས་ཡོང་བར་རོགས་སྐྱོར་བྱས་ནས་མི་དམངས་མང་ཚོགས་ཀྱི་གློག་ཤུགས་ཀྱི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དེ་བས་ལེགས་པའི་ངང་སྐོང་རྒྱུ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社