རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་ཆེད།ཉིན་ཤས་བསྟུད་མར།རང་གྲོང་གི་ཚན་པ་ཁག་དང་། རྫོང་དང་ཆུས་ཁག་གིས་སྔ་སྣུར་དུ་འཆར་འགོད་དང་། གྲ་སྒྲིག་ཞིབ་ཚགས། ཐབས་མང་མཉམ་སྤྱོད་བཅས་ཀྱི་ཐོག་ནས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། དགའ་སྤྲོ་དང་འཆམ་མཐུན། དུས་བདེ་དང་ཞི་མཐུན་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་ཁོངས་གཏོགས།
ཟླ་9ཚེས་29ཉིན། གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོགས་ཁོངས་གཏོགས་ཀྱིས་རྒྱལ་སྟོན་དགའ་བས་བསུ་བ་དང་། བཟོ་ཚོགས་ཀྱིས་གཙང་སྦྲ་བྱས་ནས་མཛེས་སྡུག་ལྡན་པའི་ཁོར་ཡུག་མཉམ་དུ་གཏོད་ཅེས་པའི་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་བཟོ་ཚོཊ་སུ་སྤེལ་བ་རེད། གྲོང་ཁྱེར་རིམ་པའི་བཟོ་ཚོཊ་ཁོངས་གཏོཊ་ཀྱིས་ཚལ་གུང་ཐང་ཁྲོམ་གཞུང་དང་། དོག་སྡེ་ཁྲོམ་གཞུང་། རྔ་ཆེན་ཁྲོམ་གཞུང་། ཉང་བྲན་ཁྲོམ་གཞུང་སོགས་ས་ཚིགས་5ཡི་འཚོ་བའི་གད་སྙིགས་དང་ལམ་ངོས་ཀྱི་གད་སྙིགས་ཁྱོན་ཡོངས་ནས་གཙང་སྦྲ་བྱས་ཤིང་། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་གྱི་སྤྱི་ཁྱབ་བཟོ་ཚོགས་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པ། ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་བཟོ་ཚོགས་བཅས་ཀྱིས་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ། གཅིག་སྡུད་གཙང་སྦྲ་བྱ་ཡུལ་གཏན་འཁེལ་བྱེད་པ་དང་ཆབས་ཅིག་ས་ཁོངས་དེའི་ནང་གཅིག་སྡུད་གཙང་སྦྲའི་བྱེད་སྒོ་སྤེལ་ནས་ས་ཁོངས་ནང་གཙང་སྦྲ་མ་བྱས་པར་ལུས་པའི་ཁུག་ཀྱོག་དང་། གད་སྙིགས་གང་བྱུང་དུ་སྤུངས་པ། སྔོ་འགྱུར་ཁུལ་གྱི་གད་སྙིགས་སོགས་མེད་པར་བཟོས་ཡོད། དེ་བཞིན་ས་ཁོངས་ནང་གི་ལུས་སྦྱོང་ཡོ་བྱད་དང་སྤྲོ་གསེང་རྐུབ་སྟེགས་སོགས་སྤྱི་པའི་སྒྲིག་བཀོད་ལ་ཕྱི་བདར་དང་སྲུང་སྐྱོང་བྱས་པ་དང་། གང་བྱུང་དུ་སྤུངས་ནས་བཞག་པའི་དངོས་པོ་དང་བརྡ་ཁྱབ་ཆུང་ངུ་གཙང་སེལ་བྱས་པར་མ་ཟད། ཆུ་བོ་དང་མཚེའུ་སོགས་ཆུ་ཁོངས་ཉེ་འཁོར་གྱི་གད་སྙིགས་གཙང་སེལ་བྱས་ནས་ཆུའི་ཐོན་ཁུངས་ཀྱི་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད།
བྱེད་སྒོ་སྤེལ་རིང་། ཚན་པ་ཁག་གི་ལས་བྱེད་པ་དང་ལས་བཟོ་བ། སྡེ་ཁུལ་གྱི་མང་ཚོགས་བཅས་ཀྱིས་གཙང་བཙོག་མེད་པ་དང་དཀའ་ངལ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ཁྲོམ་གཞུང་དང་ཚོང་ཁང་། ས་སྟོང་། སྔོ་འགྱུར་ཁུལ། ཁྲོམ་གཞུང་། སྲང་ལམ་སོགས་ལ་ཁྱོན་ཡོངས་ནས་གད་ཕྱིས་བྱས་ཏེ། གཙང་སྦྲ་དོད་ལ་སྐྱིད་ཉམས་དོད་པའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཅིག་བཏོད་ཡོད།
གྲོང་ཨུད་གཞུང་དོན་ཁང་གི་ལས་དོན་པ་ཝུའུ་ཧའོ་ཡིས་དེ་རིང་གནམ་གཤིས་ཚ་གདུག་ཧ་ཅང་ཆེ་བས་ཚང་མར་དཀའ་ཚེཊ་ཆེན་པོ་འཕྲད་བྱུང་། དེ་ལས་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་པ་ཚོའི་དཀའ་ངལ་ཚོར་བྱུང་།ང་ཚོས་རྒྱུན་དུ་སྤྱི་པའི་ཁོར་ཡུག་གི་འཕྲོད་བསྟེན་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཐུན་མོང་ཐོག་ཁོར་ཡུག་སྲུང་སྐྱོང་གི་ལས་ལ་ཞུཊ་ནས་ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་ཁང་གསར་ནོར་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་ཕུན་ཚོགས་རྣམ་རྒྱལ་གྱིས། དེ་རིང་ང་ཚོས་ཁང་གསར་ནོར་ལ་གཙང་སྦྲ་བྱས་ནས་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གྱི་གད་སྙིགས་གཙང་སེལ་བྱས་པ་ཡིན། དེ་ནི་རྒྱལ་སྟོན་དུས་ཆེན་བསུ་བ་དང་གཙང་སྦྲ་དོད་པའི་ཁོར་ཡུག་ཅིག་གཏོད་ཆེད་ཡིན། འདི་ནས་ང་ཚོས་སྔར་ལས་མང་བའི་མང་ཚོགས་ཁོར་ཡུག་བཅོས་སྒྲིག་ཆེན་པོའི་ཁྲོད་ཞུགས་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད།
རིན་ཆེན་ཚལ་གྲོང་ཚོར་བཅའ་སྡོད་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཧྲུའུ་ཅི་དང་པོས། དེ་རིང་རིན་ཆེན་ཚལ་གྲོང་ཚོ་ཨུ་ལྷན་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་དང་ལས་བཟོ་བ། མང་ཚོགས་བཅས་ཀྱིས་རིན་ཆེན་ཚལ་གྲོང་ཚོའི་ཁྲོམ་གཞུང་དུ་གཅིག་སྡུད་གཙང་སྦྲའི་བྱེད་སྒོ་མཉམ་དུ་སྤེལ་ནས་གྲོང་ཚོ་ཨུ་ལྷན་གྱི་ཁོར་ཡུག་མཛེས་ཤིང་གཙང་སྦྲ་དོད་པ་ཞིག་ཡོང་ཆེད་ཕྱོགས་ཁག་གི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བཤད།
ད་ཐེངས་ཀྱི་བྱེད་སྒོའི་ནང་། ལས་བཟོ་བ་5500ལྷག་ཙམ་སྒྲིག་འཛུགས་བྱས་ནས་གཙང་སྦྲ་ཆེ་ལ་སྐྱིད་ཉམས་དོད་པའི་ཁོར་ཡུག་བཏོད་དེ་རྒྱལ་སྟོན་དུས་ཆེན་བསུས་ཡོད།
ལྷ་སའི་མེ་འཁོར་འབབ་ཚུགས།
ཟླ་10ཚེས་1ཉིན། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་100ལྷག་ཙམ་གྱིས་རྒྱལ་སྟོན་དགའ་བས་བསུ། ཏང་གི་བཀའ་དྲིན་ཡིད་ལ་བཅངས་ཞེས་པ་གཙོ་དོན་དུ་བྱས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ་རེད།
ཉིན་དེའི་ཞོགས་པའི་ཆུ་ཚོད་8པ་ཡོལ་ཙམ་ལ། མེ་འཁོར་སྒུག་ཁང་གཉིས་པའི་ནང་ལས་དོན་པས་ཡུལ་སྐོར་བར་རྒྱལ་དར་ཆུང་ཆུང་རེ་སྤྲད་པ་དང་། སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ལས་དོན་པ་དབྱངས་ཅན་ལྷ་མོ་དང་། སྐལ་བཟང་ཆོས་སྒྲོལ། ཚེ་རིང་བདེ་སྐྱིད། བསོད་ནམས་སྒྲོལ་མ་བཅས་ཀྱིས་གཞས་སྣེ་འཁྲིད་དེ་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་པ་དང་འགྲུལ་པས་མཉམ་དུ་རྒྱལ་དར་གཡུག་གཡུག་བྱེད་ཀྱིན་མཉམ་གཞས《དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་ཡིན》ཞེས་པ་མཉམ་དུ་བླངས་ནས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་སྨོན་འདུན་མཚོན་པར་བྱས་ཡོད། འགྲུལ་སྐྱེལ་ཞབས་ཞུའི་སྤུས་ཚད་མཐོར་གཏོང་གི་ཆེད་དོན་བྱེད་སྒོའི་བླང་བྱ་ལྟར། མཁའ་ལམ་སྐལ་བཟང་མེ་ཏོག་ཞབས་ཞུའི་རུ་ཆུང་གི་ཁོངས་མིས་ད་དུང་མེ་འཁོར་སྒུག་མཁན་གྱི་འགྲུལ་པར་འགྲུལ་སྐྱེལ་གྱི་གུས་སྲོལ་ལུས་རྩལ་འཁྲབ་སྟོན་བྱས་ཤིང་། དེ་རྗེས་འཕྲལ་མར་ལན་འདེབས་པའི་ཤེས་བྱའི་འགྲན་བསྡུར་གྱི་བརྒྱུད་རིམ་ནང་། ཡུལ་སྐོར་བ་མི་ཉུང་བ་ཞིག་ལ་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་རིག་གནས་གསར་གཏོད་ཀྱི་ཕྱག་རྟགས་སྒྲོལ་མའི་ལྡེ་མིག་གི་ལུང་དང་། ཁྲེ་ཙེ། ཤོག་འཛར་སོགས་ཀྱི་ཕྱག་རྟགས་ཆུང་ཆུང་ཐོབ་ཡོད། ཚང་མས་དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པའི་ཁྲོད་རྒྱལ་སྟོན་ལ་བསུ་བ་ཞུས་ཏེ་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་ཡོད།
ལྷ་སའི་མེ་འཁོར་འབབ་ཚུགས་ཏང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཅན་ཝུའེ་ཡིས། དེ་རིང་ང་ཚོས་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་དུས་མཚུངས་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་ཡང་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུས་པ་དང་།ང་ཚོའི་རླབས་ཆེན་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཡང་ཞུས་པར་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་ནས་ང་ཚོའི་ལྕགས་ལམ་གྱི་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ཡོད། འདིར་ང་ཚོས་ཡུལ་སྐོར་བ་ཕྱི་ལ་སྐྱོད་དུས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད།
ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་གྲོང་ཚོ།
ཟླ་9ཚེས་30ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བ་དང་མི་རིགས་མཐུན་སྒྲིལ་ཟླ་བའི་གཟེངས་བསྟོད་དྲིལ་བསྒྲགས་རིག་རྩལ་འཁྲབ་སྟོན་དེ་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་དར་དམར་གྲོང་ཚོར་འཚོགས་པ་རེད།
བྱེད་སྒོ་དེ་ཞབས་བྲོ《མཛེས་སྡུག་ལྡན་པའི་བོད་ལྗོངས།གཅེས་པར་འོས་པའི་ཕ་ཡུལ》ཞེས་པའི་ཁྲོད་སྤེལ་འགོ་ཚུགས་པ་དང《སྤྲོ་སྣང་ལྡན་པའི་འབྲོག་པ》དང《སྒ་ཆབ་མདོ》སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཡོད།དར་དམར་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཉམས་འགྱུར་ལྡན་པའི་གར་སྟབས་དང་སྙན་འཇེབས་ལྡན་པའི་གླུ་སྒྲས་རླབས་ཆེན་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་དར་དམར་གྲོང་ཚོའི་མི་རིཊ་ཁག་གི་མང་ཚོཊ་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་པས་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་དགའ་བསུ་ཞུས་ཚད་མེད་ཞུས་ཡོད།
རྒན་ཡོལ་ཞུས་པའི་དར་དམར་གྲོང་ཚོའི་ཏང་ཡོན་བཀྲ་ཤིས་དོན་གྲུབ་ཀྱིས་དེ་རིང་གི་རིག་རྩལ་འཁྲབ་སྟོན་ལས་ངས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་སྔར་བས་ཤེས་རྟོགས་ཐུབ་བྱུང་། ང་ཚོས་སེ་འབྲུའི་རྡོག་ལྟར་མཐུན་སྒྲིལ་དམ་ཟབ་བྱས་ནས་ཐུན་མོང་ཐོག་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་ཡོང་ཆེད་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
བྱེད་སྒོའི་ཐོག་ད་དུང་མི་རིགས་མཐུན་སྒྲིལ་ཟླ་བའི་གཟེངས་བསྟོད་མཛད་སྒོ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་ཐོན་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ཏེ་དར་དམར་གྲོང་ཚོའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྤོབས་སེམས་དང་གོང་བུར་འགྲིལ་ཤུགས་སྔར་བས་ཆེ་རུ་བཏང་ཡོད།
རྗེ་འབུམ་སྒང་སྡེ་ཁུལ།
ཟླ་9ཚེས་29ཉིན། རྗེ་འབུམ་སྒང་སྡེ་ཁུལ་གྱིས་བདེ་གསལ་སྒོ་ར་ཆེ་མོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།
རིག་རྩལ་མཉམ་འཁྲབ་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་ཤིང་། འཁྲབ་སྟོན་པ་ཚོས་ཉམས་འགྱུར་ལྡན་པའི་གར་སྟབས་ཐོག་ནས་མེས་རྒྱལ་གྱི་སྟོབས་འབྱོར་མངོན་པ་དང་། རོལ་རྩེད་ཀྱི་ལྷུ་ཚིགས་ནང་དགོད་བྲོ་བའི་རྣམ་གྲངས་སྣ་ཚོགས་དང་དེ་བཞིན་ཚོགས་པའི་མཉམ་ལས་རོལ་རྩེད་སོགས་བཀོད་སྒྲིག་བྱས་པས་གྲོང་མི་མང་པོ་དེའི་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས།
ད་ཐེངས་ཀྱི་བྱེད་སྒོ་དེས་གྲོང་མི་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་མ་ཟད། སྡེ་ཁུལ་གྱི་གྲོང་མིའི་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ནས་དེ་བས་མཛེས་སྡུག་ལྡན་པའི་རྗེ་འབུམ་སྒང་སྡེ་ཁུལ་ཐུན་མོང་ཐོག་བསྐྲུན་བྱ་ཆེད་འབད་བརྩོན་བྱ་རྒྱུར་ཕན་ཐོགས་ཡོད།
མལ་གྲོ་གུང་དཀར་རྫོང་ཀ་ཚལ་གྲོང་ལྷན།
ཟླ་10ཚེས་1ཉིན། མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་ཀ་ཚལ་གྲོང་མི་ཨུ་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གིས། རྒྱལ་སྟོན་མཉམ་དུ་དགའ་གཏོང་བྱེད། གྲོང་མི་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་དེ་རྔམ་བརྗིད་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཁྲོད་འགོ་ཚུགས་པ་དང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་ཤིང་། གྲོང་མི་ཨུ་ལྷན་གྱི་ཁོངས་མི་ཡོངས་དང་མང་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ཡིད་སྨོན་དང་གུས་བཀུར་གྱི་བསམ་པ་བཅངས་ཏེ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社