ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་30ཉིན་གྱི་ཕྱི་དྲོ་སྟེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་མཚམས་སུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་སྐལ་བཟང་ཚེ་བརྟན་གྱིས་ཀུན་མཛའ་ཆོས་དབང་སོགས་གྲོང་ཁྱེར་གྱི་ཏང་ཕྱིའི་རྒྱལ་གཅེས་མི་སྣ་དང་། སྤྲུལ་སྐུ་དང་བླ་མ་སྐྱེས་ཆེན། ཨི་སི་ལམ་ཕྱག་ཁང་གི་ཆོས་དཔོན། དམངས་གཉེར་ཁེ་ལས་པ་སོགས་ལ་འཚམས་འདྲི་གནང་བ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
ས་ཆ་གང་དུ་སླེབས་ཀྱང་སྐལ་བཟང་ཚེ་བརྟན་གྱིས་ཁོང་ཚོར་མཇལ་དར་ཕུལ་ནས་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་། ཁོང་ཚོའི་ལས་ཀ་དང་། འཚོ་བ། གཟུགས་པོ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བར་མ་ཟད། ཁོང་ཚོས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་སུ་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། སྐལ་བཟང་ཚེ་བརྟན་གྱིས་ད་དུང་ཁོང་ཚོར་རང་གྲོང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ཞིང་།རང་གྲོང་གི་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོཊ་གཅིག་གྱུར་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔར་རྒྱུན་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ཕུལ་བྱུང་གི་སྲོལ་རྒྱུན་དར་འཕེལ་གཏོང་བ། རང་ངོས་ཀྱི་ལེཊ་ཆ་འདོན་པ་བཅས་བྱས་ནས་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལེའུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་འཐུས་མི་ཚོས་གྲོང་ཨུད་ཀྱིས་ཐུགས་ཁུར་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།ལྷ་སའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཚང་མས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ལྷ་སའི་གོང་འཕེལ་དང་འཛུགས་སྐྲུན་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཐབས་འདོན་ཇུས་འབུལ་བྱེད་པ་བཅས་ཀྱི་སྒོ་ནས་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社