分享按钮

རང་གྲོང་གི་2024ལོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་2024ལོའི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ། གྲོང་ཁྱེར་དམའ་རིམ་སློབ་འབྲིང་དང་པོ།གྲོང་ཁྱེར་སློབ་ཆུང་དང་པོ་བཅས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ཡུས་ཧྥུང་ཕིང་དང་། ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་2024ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་སློབ་གསོ་པུའི་གཞུང་དོན་ཐིང་གི་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དང་། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ། གྲོང་ཁྱེར་འབྲིང་རིམ་སློབ་འབྲིང་དང་པོ།གྲོང་ཁྱེར་སློབ་ཆུང་དང་པོ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྔ་རྗེས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ན་ནིང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་ལས་དོན་སྤེལ་ཚུལ་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་བྱས་པར་མ་ཟད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་ལས་དོན་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་པའི་ཐད་གཏམ་བཤད་སྤེལ་རེས་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་ལ་ཐུཊ་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་པས། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཞིབ་འཇུག་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ནང་དོན།བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ཐོན་ཁུངས། དེ་བཞིན་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱེད་སྒོ། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་དྲིལ་བསྒྲགས་སོགས་ཕྱོགས་ལྔའི་གཞི་གཅིག་ཅན་གྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c188994.html 1 རང་གྲོང་གི་2024ལོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ། /enpproperty-->