分享按钮

2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པ་འགོ་ཚུགས་པ།

ཟླ་10ཚེས་2ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པ་དེ་ཡངས་པ་ཅན་གྱི་ས་མཐོའི་སྦྱོང་བརྡར་རྟེན་གཞིར་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་2ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པ་དེ་ཡངས་པ་ཅན་གྱི་ས་མཐོའི་སྦྱོང་བརྡར་རྟེན་གཞིར་འཚོགས་པ་རེད།

ཀྲུང་གོའི་རི་འཛེག་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཅ་གོ་ཧྥུའུ་ཚོགས་ཆེན་ལ་ཕེབས་པ་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཉི་མ་ཚེ་རིང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲཊ་གནང་བ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་བསུ་བ་ཞུ་བའི་ཤིས་ཚིག་བསྒྲོན་པ། རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་བཅས་ཡིན་པའི་ལའེ་མིན་གྱིས་ཚོགས་ཆེན་གྱི་ཤིས་ཚིག་བསྒྲོན་པ་རེད།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ། དེ་བཞིན་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། འདམ་གཞུང་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

ཝང་ཆང་གིས་བསུ་བ་ཞུ་བའི་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་ནི།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c188989.html 1 2024ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པ་འགོ་ཚུགས་པ། /enpproperty-->