分享按钮

ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་རེད། དེ་ནི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་སྟེགས་བུ་དངོས་སུ་སྤྱོད་འགོ་ཚུགས་རྗེས་བོད་ལྗོངས་ཀྱི་མཁའ་འགྲུལ་དོ་དམ་ལེགས་སུ་གཏོང་བའི་ཐད་ཀྱི་ཚད་བརྒལ་གལ་ཆེན་གཞན་ཞིག་ཡིན་པ་དང་། དེ་ལས་རྒྱལ་ཡོངས་ཀྱི་ས་མཐོའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་ཐོག་མ་དེ་དངོས་སུ་བཙུགས་པ་མཚོན་ཡོད། རྗེ་མར་དེས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་མཁའ་འགྲུལ་དོ་དམ་ལྟེ་གནས(གཤམ་དུ་མཁའ་འགྲུལ་དོ་དམ་ལྟེ་གནས་ཞེས་བསྡུ་རྒྱུ)ཀྱི་མཁའ་ཐོག་འགྲིམ་འགྲུལ་དོ་དམ་གྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་བོད་ལྗོངས་ས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་རམ་འདེགས་བྱ་རྒྱུ་རེད།

གནམ་གྲུ་འཕུར་བའམ་ཡང་ན་མར་འབབ་པའི་དུས་སུ་མཁའ་དབྱིངས་དང་གནམ་ཐང་གཉིས་སུ་འཕུར་བ་དང་སྐྱོད་པའི་ལས་སྒོ་སྒྱུར་དགོས་པས། བརྒྱུད་རིམ་དེར་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་གྱིས་ཞབས་འདེགས་ཞུ་དགོས་ཀྱི་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ལོའི་འབབ་ཚད་ཐེངས་གྲངས་ཁྲི་3.6ལས་བརྒལ་བའམ་ཡང་ན་བར་སྣང་ཁྱབ་ཁོངས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་བའི་གནམ་ཐང་ཡིན་ཕྱིན། མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཚན་པ་བཀོད་སྒྲིག་བྱེད་དགོས་ཀྱི་ཡོད། བོད་ལྗོངས་ས་ཁུལ་གྱི་མཁའ་འགྲུལ་ཁྲོམ་རའི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཉེ་བའི་ལོ་ཤས་རིང་ལྷ་སའི་གནམ་ཐང་གི་དུས་གཏན་གནམ་གྲུ་འཕུར་འབབ་བྱེད་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཞིང་། 2018ལོར་གནམ་གྲུ་འབབ་ཐེངས་ཁྲི་3.6ལས་བརྒལ་བ་རེད། གཞན་ཡང་ལྷ་སའི་གནམ་ཐང་འདི་ཉིད་བར་སྣང་ཁྱབ་ཁོངས་ཀྱི་ཁོར་ཡུག་ཆ་རྐྱེན་རྙོག་འཛིང་ཆེ་བའི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་གནས་པས། གནམ་ཐང་དོ་དམ་ལ་བཀོད་འདོམས་བྱེད་དཀའ་བ་དང་། འཕུར་བ་དང་སྐྱོད་པའི་དབར་འགལ་བ་མང་པོ་ཐོན་གྱི་ཡོད་སྟབས། མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་པ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 6 6 拉萨日报藏文 c188988.html 1 ལྷ་སའི་མཁའ་འགྲུལ་ཐོན་འཛུལ་ལྟ་སྡོམ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ། /enpproperty-->