分享按钮

འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པར་སྣེ་ཁྲིད་བྱས་པ།

ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་།སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྐོར་གླེང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འཛུགས་གཏོད་བཞིའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་རྒྱབ་ལྗོངས་འོག་ལྷ་ས་གྲོང་ཁྱེར་གྱིས་དང་ལེན་ཧུར་ཐག་ཞུས་ཏེ་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལྷུ་ཚིཊ་ཤིག་ཏུ་བརྩིས་ནས།འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པ་དང་། ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་ལྗང་མདོག་འདི་ཉིད་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་བར་བྱས་ཤིང་།འབྱུང་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་ཁྲོད་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་བ་ཡོང་བར་བྱས་ཡོད།

ལྷ་ས་གྲོང་ཁྱེར་གྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་འགན་ཨང་དང་པོར་བརྩིས་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཏེ། རྒྱལ་ཡོངས་ཀྱི་ཆུ་སྲུང་འཛིན་དང་བེད་སྤྱོད་ལེགས་པའི་གྲོང་ཁྱེར་དང་། ཟོག་རོ་མེད་པའི་གྲོང་ཁྱེར།“ཅན་གཉིས”མཐུན་སྦྱོར་ཚོད་ལྟའི་གྲོང་ཁྱེར་དང་རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ལྷ་སའི་མཐོ་གསར་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཆུ་གཞུག་གི་མི་ཐབས་འདམ་རའི་ཆུའི་སྤུས་ཚད་ལེགས་སུ་གཏོང་བའི་ལས་གཞི་སྤེལ་ཡུལ་དུ་དྭངས་གསིང་སྒྲིག་ཆས་ནུས་ཆེའི་ངང་འཁོར་རྒྱུག་བྱེད་བཞིན་ཡོད་ཅིང་། བཟོ་གྲྭ་དེ་འཁོར་རྒྱུག་བྱེད་འགོ་ཚུགས་པ་ནས་བཟུང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་སྒྲིག་ཆས་བཟོ་རྩལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་བཙོག་ཆུ་གཙང་སེལ་གྱི་ནུས་པ་དང་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།འདམ་རའི་ལས་གྲྭ་དང་དེ་བཞིན་སྔོན་ནས་ཆུ་གཙང་སེལ་བྱེད་པའི་ལས་གྲྭའི་བཟོ་རྩལ་གྱི་གྲུབ་ཆ་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་པ་བརྒྱུད་ཆུའི་སྤུས་ཚད་དྭངས་གཙང་དང་།འདམ་རའི་མཛེས་ལྗོངས། སྐྱེད་ཚལ་གྱི་སྣོད་བཅུད།ཁོར་ཡུག་སློབ་གསོ་བཅས་ལྡན་པའི་འབྱུང་ཁམས་ཁོར་ཡུག་ལས་གཞིའི་རྣམ་གྲངས་བསྐྲུན་ནས་ལྷ་སའི་སྐྱིད་ཆུའི་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཏེ་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་དང་ལྷ་སའི་སྐྱིད་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཕྱིར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

ལྷ་སའི་མཐོ་གསར་ཁུལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་ཙུའུ་ཀྲང་ཀྲང་ཏུང་ཏུང་གིས་འཚོ་བའི་བཙོག་ཆུ་བཟོ་གྲྭའི་ཁུལ་དུ་རྒྱུགས་རྗེས་ང་ཚོས་ཚན་རིག་དང་མཐུན་ལ། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-04 ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་།སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་སྐོར་གླེང་བ། 6 6 拉萨日报藏文 c188990.html 1 འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་བྱས་རྗེས་གསར་པ་མངོན་པ་དང་སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལེའུ་གསར་པར་སྣེ་ཁྲིད་བྱས་པ། /enpproperty-->