ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ཐེངས་དུད་ཚང་དུ་བསྐྱོད་ནས་སྐུད་ལམ་སྒྱུར་བཀོད་ཀྱི་འོས་འགན་ལས་དོན་སྤེལ་བ་དེས་ཁྱིམ་གྱི་སྐུད་ལམ་གྲལ་འགྲིག་པོ་བྱུང་བར་མ་ཟད། སླད་ཕྱིན་གློག་ཆས་སྤྱོད་སྐབས་ཡང་དེ་བས་བདེ་འཇགས་དང་བློ་བདེ་པོར་གྱུར་ཡོད་ཅེས་སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉལ་གྲོང་ཚོའི་གྲོང་མི་སྐལ་བཟང་གིས་བཤད། ཉིན་ཤས་གོང་། རྒྱལ་ཁབ་གློག་དྲ་ལྷ་སའི་གློག་འདོན་ཀུང་སིས་ཉིན་13སྤྱད་དེ་ས་བབ་མཐོ་ཚད་སྨི་4600ཟིན་པའི་གྱང་ཉལ་གྲོང་ཚོའི་དུད་ཚང་172ཀྱི་སྐུད་ལམ་སྒྱུར་བཀོད་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་གྲུབ་བྱས་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社