分享按钮

ནུས་ཤུགས་ཡོད་རྒུས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས།

(པར་ངོས་དང་པོར་མཐུད)ཀྲུང་ཧྭ་མི་རིགས་ཀྱིས་བསམ་ཡུལ་ལས་འདས་པའི་ཉེན་ཁ་དང་ཚོད་བགམ་གྲངས་མེད་ཐེག་ནས། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་འབར་བ་དང་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་པ་དེ་ཀྲུང་ཧྭ་མི་རིགས་ལ་ཡུན་རིང་ལ་གཏིང་ཟབ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ཡོད་པ་དང་ཁ་འབྲལ་ཐབས་མེད།རྒྱལ་གཅེས་རིང་ལུགས་ནི་ཀྲུང་གོའི་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པར་སྐུལ་མ་གཏོང་བ་དང་། ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་གྲུ་གཟིངས་འདིས་རླུང་བརྟེན་རླབས་གཤག་དང་མདུན་སྐྱོད་ལྷོད་མེད་བྱེད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་རི་འགུལ་མཚོ་སྐྱོམ་ལྟ་བུའི་ལོ་རྒྱུས་ཀྱི་སྟོབས་ཤུགས་རླབས་ཆེན་འདོན་སྤེལ་དང་།མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་སྡུག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་བརྗིད་ཉམས་ལྡན་པའི་དར་ཆ་བཅས་རེད།

རྩོམ་ཡིག་ནང་བསྟན་དོན།རྒྱལ་གཅེས་རིང་ལུགས་ནི་བྱེ་བྲག་དང་དངོས་ཡོད་ཅིག་རེད། དེང་རབས་ཀྱི་ཀྲུང་གོར་རྒྱལ་གཅེས་རིང་ལུགས་དར་སྤེལ་གཏོང་དགོས་ན་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་ཞིག་ནི།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་ལས་གཡོ་འགུལ་གཏོང་མི་རུང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་པ་དེ་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པ་ལས་གཡོ་འགུལ་གཏོང་མི་རུང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་ཕུལ་བྱུང་གྲུབ་འབྲས་དཔྱད་གཞིར་འཛིན་པ། རང་སྟོབས་རང་སྤེལ་གྱིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བ་བཅས་ཀྱི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་པ་ལས་གཡོ་འགུལ་གཏོང་མི་རུང་བ་བཅས་རེད།རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཚེ། རྒྱལ་གཅེས་རིང་ལུགས་གཞི་ནས་གསོན་ཉམས་ལྡན་པ་དང་དངོས་ཡོད་ཡིན་ཞིང་།དེ་ནི་དེང་རབས་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན།

རྩོམ་ཡིག་ནང་བསྟན་དོན། རྒྱལ་གཅེས་རིང་ལུཊ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ངེས་པར་དུ་རྒྱལ་གཅེས་རིང་ལུཊ་ཀྱི་སློབ་གསོ་དེ་བརྗོད་བྱ་གཙོ་བོར་བརྩི་བ་དང་།ངེས་པར་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།ངེས་པར་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་བརྩི་འཇོག་དང་རྒྱུན་འཛིན་བྱེད་པ། ངེས་པར་དུ་མི་རིགས་ལ་གཞི་ཚུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་པས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ལོ་ཆུང་བྱིས་པ་ནས་དམ་འཛིན་བྱེད་དགོས།སློབ་མར་རང་ཉིད་ཀྱི་ཕུགས་བསམ་དེ་མེས་རྒྱལ་གྱི་མདུན་ལམ་དང་།རང་ཉིད་ཀྱི་ལས་དབང་དེ་མི་རིགས་ཀྱི་ལས་དབང་དང་ཟུང་འབྲེལ་དམ་པོ་བྱ་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་།སློབ་མས་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་།མི་རིགས་ཀྱི་ལྟ་བ།རྒྱལ་ཁབ་ཀྱི་ལྟ་བ།རིག་གནས་ཀྱི་ལྟ་བ་བཅས་འཛུགས་པ་དང་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་བྱེད་པ།རྒྱལ་གཅེས་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་བརྩེ་བ་ཆེ་རུ་གཏོང་བ།མི་རིགས་ཀྱི་སྤོབས་སེམས་དང་རང་ཉིད་ལ་ཡིད་ཆེས་པའི་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་སློབ་མའི་སེམས་སུ་བརྟན་པོར་འཇགས་པར་བྱས་ནས་རང་ཉིད་ནི་ཀྲུང་གོ་བ་ཞིག་ཡིན་པ་ནམ་ཡང་མི་བརྗེད་པར་བྱེད་དགོས།

རྩོམ་ཡིག་ནང་ནན་གསུངས་གནང་དོན། དུས་རབས་ལ་འཕེལ་རྒྱས་ཇི་ལྟར་བྱུང་རུང་། ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིཊ་ཀྱི་སྟོབས་ཤུཊ་གཅིག་ཏུ་བསྡུ་དགོས། ད་ལྟ་སྤྱི་ཚོགས་རིང་ལུཊ་ཀྱི་ཀྲུང་གོ་འཛམ་གླིང་གི་ཤར་ཕྱོཊ་སུ་ཀྲོང་ངེར་འགྱིང་ཡོད་ཅིང་། སྟོབས་ཤུཊ་གང་ཞིག་གིས་ཀྱང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གོ་གནས་ལ་གཡོ་འགུལ་གཏོང་མི་ཐུབ་པ་དང་།སྟོབས་ཤུཊ་གང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུཊ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་ངལ་ལ་མི་སྐྲག་པ་དང་ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མི་དམངས་ལ་དམ་པོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-02 6 6 拉萨日报藏文 c188965.html 1 ནུས་ཤུགས་ཡོད་རྒུས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། /enpproperty-->