分享按钮

ཤའོ་ཡིའུ་ཚའེ་ཡིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་སྔོན་གཤེགས་དཔའ་བོའི་ནང་མི་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་གནང་བ།

(པར་ངོས་དང་པོར་མཐུད)འཇམ་འབྱངས་བློ་གྲོས། ལིན་ཡུང་། ཞུས་ཧའེ། ཀྲང་ཁྲུན་དབྱང་བཅས་ཞུགས་ཡོད།

སྔོན་གཤེགས་དཔའ་བོའི་ནང་མི་པདྨ་འོད་ཟེར་གྱི་ཁྱིམ་དུ་ཕེབས་སྐབས། ཤའོ་ཡིའུ་ཚའེ་ཡིས་གཟུགས་པོ་དང་ཁྱིམ་ཚང་གི་གནས་ཚུལ་བཀའ་འདྲི་གནང་བར་མ་ཟད། དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། ཁོང་གིས། ང་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ནམ་ཡང་བརྗེད་མི་སྲིད། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད། སྔོན་གཤེགས་དཔའ་བོའི་བུ་མོ་པདྨ་བདེ་སྐྱིད་ཀྱིས་ཕའི་ཕུགས་འདུན་རྒྱུན་འཛིན་བྱས་ནས་མི་དམངས་ཉེན་རྟོག་པ་ཞིག་ཏུ་གྱུར་པར་མ་ཟད། ལས་གནས་ཐོག་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད་པ་མཁྱེན་སྐབས་ཤའོ་ཡིའུ་ཚའེ་ཐུགས་ཧ་ཅང་མཉེས་པོ་བྱུང་ནས་ཁོང་ལ་འགན་འཁྲི་འཁུར་ཕོད་པ་དང་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ནས་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་བ་དང་། འབད་འབུངས་ཡར་བརྩོན། བྱས་རྗེས་འཇོག་པ་བཅས་བྱས་ཐོག ལྷ་སའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། ཤའོ་ཡིའུ་ཚའེ་ཡིས་འབྲེལ་ཡོད་སྡེ་ཚན་ལ་སྔོན་གཤེགས་དཔའ་བོའི་ནང་མིའི་འཚོ་བར་སྔར་བས་སེམས་ཁུར་བྱེད་པ་དང་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

“རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་པས་ང་ཚོ་ཁྱེད་ལ་ལྟ་བར་ཡོང་བ་ཡིན”ཏང་ཡོན་རྒན་གྲས་གྲགས་པ་ཡོན་ཏན་གྱི་ཁྱིམ་དུ་ཤའོ་ཡིའུ་ཚའེ་ཡིས་ཁོང་དང་ཅི་འཕྲོས་མོལ་འཕྲོས་ངང་འགྱུར་ལྡོག་གླེང་སྟེ། གཟུགས་པོའི་གནས་ཚུལ་དང་བུ་ཕྲུག་གི་ལས་ཀའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ནང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། གཟུགས་པོར་གཅེས་སྤྲས་བྱས་ནས་མུ་མཐུད་རང་ནུས་ཡོད་རྒུ་འདོན་སྤེལ་གྱིས་གཞི་རིམ་གྱི་བཅོས་སྐྱོང་གི་ནུས་པ་ཆེ་རུ་འགྲོ་བའི་འཐབ་ཇུས་ནང་ཧུར་ཐག་ཞུགས་ཏེ། དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཏང་ཡོན་རྒན་གྲས་ནི་རྩ་ཆེའི་རྒྱུ་ནོར་ཡིན་པས། ཁྲོམ་གཞུང་དང་སྡེ་ཁུལ་གྱིས་རང་འགུལ་ངང་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ཁོང་ཚོའི་དགོས་མཁོ་དང་རེ་སྒུག་དུས་ཐོག་ཏུ་ཤེས་རྟོཊ་བྱེད་པ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ནས་ཏང་ཡོན་རྒན་གྲས་ཚེ་མཇུག་ཏུ་དེ་བས་སྐྱིད་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་དགོས།

ལས་བྱེད་པ་རྒན་གྲས་བཀྲ་ཤིས་རྡོ་རྗེའི་ཁྱིམ་དུ་ཤའོ་ཡིའུ་ཚའེ་ཡིས་བགྲེས་སོང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། ཁོང་གིས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ་དང་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ནད་མེད་ཚེ་རིང་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། བགྲེས་སོང་གི་གཟུགས་པོ་ཐང་པོ་ཡོད་ལ་སྙིང་སྟོབས་རབ་ཏུ་འཕེལ་བ་མཐོང་སྐབས། ཤའོ་ཡིའུ་ཚའེ་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་གསུངས་དོན། ད་ཆའི་ལྷ་སའི་འཕེལ་རྒྱས་དེ་མི་རབས་རྒན་གྲས་ཚོས་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་ཁ་འབྲལ་ཐབས་མེད། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཚོས་སྔར་རྒྱུན་བཞིན་ལྷ་སའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྩ་ཆེའི་བསམ་འཆར་མང་ཙམ་བཏོན་ཏེ། ཐུན་མོང་ཐོག་ལྷ་སའི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་རེ་བ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ལྷག་བསམ་རྣམ་དག་དང་ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ལས་བྱེད་པ་རྒན་གྲས་ལ་ཏང་གི་དྲོ་སྐྱིད་གང་ལེགས་ཚོར་ཐུབ་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ལེགས་པའི་ངང་ལོངས་སྤྱོད་ཐུབ་པར་བྱེད་དགོས།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-02 6 6 拉萨日报藏文 c188964.html 1 ཤའོ་ཡིའུ་ཚའེ་ཡིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་སྔོན་གཤེགས་དཔའ་བོའི་ནང་མི་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་གནང་བ། /enpproperty-->