ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ལྷ་ས་གྲོང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆོས་ལུགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཚོགས་འདུའི་ཐོག ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། གྲོང་ཨུད་སྐབས་བཅུ་པའི་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། བརྟན་ལྷིང་དང་གྲོང་ཁྱེར་བདེ་འཇགས་ཡོང་བར་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་པ། སྤྱི་ཚོགས་བརྟན་ལྷིང་དང་ཉེན་ཁ་སེལ་བའི་འཐབ་ཇུས་ཆེན་པོར་སྐུལ་འདེད་བཏང་བ། “རྒྱལ་སྟོན”དུས་ཆེན་རིང་གི་བརྟན་ལྷིང་སྲུང་སྐྱོང་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་སོགས་གྲོང་ཁྱེར་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ། ཆོས་ལུགས་འགྲིག་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་འགན་ལེན་བྱས་པར་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བ་ཞུ་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད།
ཀྲའོ་ཧུའེ་ཉན་གྱིས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྟག་ཏུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་དགོས།ཕྱོགས་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཆོས་ལུཊ་ཁྱབ་ཁོངས་ཀྱི་གཙོ་གནད་ལ་དམིཊ་ནས་འབྲེལ་ཡོད་ཀྱི་བསླབ་བྱ་གཏིང་ཟབ་ལེན་པ་དང་། བྱ་ཐབས་དང་ལམ་སྲོལ་ཁག་འཐུས་ཚང་དུ་བཏང་ནས“རྒྱལ་སྟོན”རིང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་གི་བརྟན་ལྷིང་དང་སྲུང་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པ་དང་།གྲལ་བཤེར་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ། “3+3+3”གྱི་ལས་ཀའི་བླང་བྱ་གཞིར་བཟུང་། རྒྱུན་གཏན་གྱི་གྲལ་བཤེར་དང་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆུང་ས་ནས་སེལ་ཐུབ་པའི་འགན་ལེན་བྱེད་དགོས་པ། ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ།“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་ཚོར་སྣང་སྐྱེན་ལ་རྙོག་འཛིང་ཆེ་བའི་དོན་རྐྱེན་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། ཆོས་ལུགས་ཁྱབ་ཁོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པས། འབྲེལ་ཡོད་དམིགས་ཚད་དོ་དམ་གྱི་དཔྱད་ཞིབ་ཞིབ་སྲོལ་སློབ་སྦྱོང་ནན་ཏན་བྱས་ཏེ། དོན་ཚན་རེ་རེ་བཞིན་ཞིབ་བསྡུར་དང་མཐིལ་རྟོགས་བྱས་ནས་ནུས་ཤུགས་ཡོད་རྒུས་དཔྱད་ཞིབ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་གཙོ་གནད་དང་དཀའ་གནད་བསལ་ཐོག གྲོང་ཁྱེར་ཡོངས་ཀྱི་ཆོས་ལུགས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྐལ་བཟང་ཚེ་བརྟན་ཚོགས་འདུར་ཞུགས་ཡོད། (བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社