分享按钮

སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2024ལོའི་ཟླ་9ཚེས་30ཉིན་ནི་རྒྱལ་ཡོངས་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་བཅུ་གཅིག་པ་དེ་ཡིན་ཞིང་།ཉིན་དེའི་སྔ་དྲོར་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོཊ་ཤིང་། རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་མི་རིཊ་ཁག་དང་ལས་རིཊ་ཁག་གི་ལས་བྱེད་པ་དང་མང་ཚོཊ་ཀྱི་འཐུས་མི་དང་མཉམ་དུ་ལྷ་སའི་སྔོན་གཤེཊ་དཔའ་བོའི་བང་སོར་སྔོན་གཤེཊ་དཔའ་བོར་མེ་ཏོག་སི་ར་ཕུལ་ནས་སྔོན་གཤེཊ་དཔའ་བོའི་མཛད་རྗེས་བློ་ལ་བརྟན་པོར་ངེས་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་གྱིས་རྒྱང་ལམ་གསར་པར་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཡོད།

ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ནི་བརྗིད་ཉམས་ལྡན་པ་དང་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ནི་དེ་བས་ཀྱང་རྔམ་བརྗིད་ལྡན་པའི་ངང་འགྱིང་ངེར་གནས་ཡོད། དྲན་གསོའི་རྡོ་རིང་ཐོག་འཁོད་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག་ཅེས་པའི་ཡིག་འབྲུ་དེ་དག་ཉི་འོད་འོག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། ཆུ་ཚོད་9དང་སྐར་མ་30ཙམ་ལ་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་དངོས་སུ་འགོ་ཚུགས་ཤིང་།《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་བརྗིད་ཉམས་ལྡན་པའི་འགྱུར་ཁུག་རོལ་དབྱངས་དཀྲོལ་བ་དང་ཆབས་ཅིག་ཚོགས་ར་ཡོངས་ཀྱིས་མགྲིན་གཅིག་ཏུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། དེ་རྗེས་ཚོགས་ར་ཡོངས་ཀྱི་མི་རྣམས་གུས་སྟབས་ཀྱིས་ལངས་ནས་བོད་ཞི་བས་བཅིངས་འགྲོལ་དང་།དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་བྱ་གཞག་ཆེད་དཔའ་ངར་ཞུམ་མེད་ངང་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ངག་བསྡམས་ནས་མྱ་ངན་ཞུས་རྗེས་ལོ་ཆུང་བྱིས་པས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གཞས་སྐད་གསང་མཐོན་པོས་བླངས་པར་མ་ཟད།ལོ་ཆུང་གདོང་ལེན་རུ་ཁག་གི་གུས་ལུགས་ཀྱང་ཞུས་པ་རེད། 《མེ་ཏོག་སི་ར་འབུལ་བའི་རོལ་དབྱངས》ཞེས་པ་དཀྲོལ་བ་དང་བསྟུན་ནས་གུས་དམག་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་།མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།སྲིད་གཞུང་།སྲིད་གྲོས།བོད་དམག་ཁུལ་ཁང་།རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོཊ།མི་དམངས་ཚོགས་པ་ཁག ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་དེ་བཞིན་བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་སོ་སོས་ཕུལ་བའི་མེ་ཏོག་སི་ར་ཆེན་པོ་9བཏེགས་ནས་གོམ་སྟབས་བརྟན་པོའི་ངང་དྲན་གསོའི་རྡོ་རིང་གི་ཕྱོགས་སུ་དལ་བུར་བསྐྱོད་པ་དང་སྦྲགས་དྲན་གསོའི་རྡོ་རིང་གི་སྟེགས་བུའི་ཐོག་གྲལ་སྟར་འགྲིག་པོས་བཞག་ཡོད།རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་ཤོག་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་རྣམ་འགྱུར་སྒམ་བརླིང་ངང་མེ་ཏོག་སི་རའི་མདུན་དུ་ཕེབས་ནས་དར་འཛར་ལེགས་སྒྲིག་ཞིབ་ཚགས་བྱས། དེ་རྗེས་མཛད་སྒོར་ཞུགས་མཁན་མི་སྣ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་སྐོར་བ་བརྒྱབ་ནས་ཞལ་མཇལ་ཞུས་ཏེ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་ཤིང་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་ད་དུང་ཁུང་ཧྥན་སེན་སོགས་བློ་མཐུན་གྱི་བང་སོར་ཁ་བཏགས་དང་མེ་ཏོག་སི་ར་ཕུལ་བ་རེད།

མི་དམངས་ཀྱི་བདེ་སྐྱིད་ནི་སྔོན་གཤེགས་དཔའ་བོ་རྣམས་ལ་ཐུགས་གསོ་ཆེ་ཤོས་ཞུ་བ་དེ་ཡིན་ལ།འབད་འཐབ་ལྷོད་མེད་བྱེད་པ་ནི་སྔོན་གཤེགས་དཔའ་བོ་རྣམས་ལ་དྲན་གསོ་ཡག་ཤོས་ཞུ་བ་ཞིག་ཡིན། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ངེས་པར་དུ་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བཅས་བྱེད་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། དོན་ཆེན་བཞིར་དམིགས་པ་དང་འཛུགས་གཏོད་བཞིར་ནུས་ཤུགས་གཅིག་ཏུ་སྒྲིལ་བ། རང་འགན་གཙང་སྒྲུབ་དང་དཀའ་སྤྱད་འབད་འཐབ་ཀྱིས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད།

མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་མཁན་གྲས་སུ་རང་སྐྱོང་ལྗོངས་དང་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་དང་།ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི།སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི། དམག་ཞབས་ཐིམ་པའི་དམག་མིའི་འཐུས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་མང་ཚོགས་ཀྱི་འཐུས་མི།བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི།སྤྱི་བདེ་ལས་བྱེད་ཉེན་རྟོག་པའི་འཐུས་མི་སོཊ་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-02 6 6 拉萨日报藏文 c188961.html 1 སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ། /enpproperty-->