分享按钮

མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲིའི་འཁྲབ་སྟོན་གྱི་རྫོང(ཆུས)གི་ཆེད་དོན་འཁྲབ་སྟོན་བྱས་པ།

(པར་ངོས་དང་པོར་མཐུད)ལྗང་མདོག་གིས་བརྒྱན་པའི་ལྷོ་རིའི་སྤྱི་གླིང་གི“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པའི་རི་རྩེའི་མདུན་དུ་ཕ་དང་བུ་མོ་གཉིས་ཀྱིས་ལྷ་སའི་ཡུལ་ལྗོངས་ལ་རྒྱང་ལྟ་བྱས་ཏེ་བརྩེ་བ་ཟབ་མོས་གླེང་མོལ་བྱེད་པ་དང་། སྔར་སོང་གི་གཏམ་རྒྱུད་བརྗོད་པ་སོགས་བྱས་ཡོད། འཁྲབ་སྟོན་ཧྲིལ་པོའི་གཙོ་དོན་ནི་མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པ་དེ་ཡིན་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75རིང་གི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དང་བོད་གསར་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་དེ་གཞི་འཛིན་སར་བྱེད་པ་དང་། དེང་རབས་ཀྱི་རྣམ་པའི་ཐོག་ནས་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པ། གླེང་མོལ་གྱི་བྱེད་ཐབས་ཐོག་ནས་ལོ་ཟླར་ཕྱིར་དྲན་དང་། འབྱོར་ཕྱུག་གི་ཕྱོཊ་སུ་སྐྱོད་པ། མགོ་བོ་དགྱེ་བ།གྲུབ་འབྲས་གཏོད་པ། འབྱུང་འགྱུར་ལ་ཁ་ཕྱོཊ་པ་སོཊ་ཁག་ལྔའི་ནང་དོན་ཚུད་ཡོད།

འཁྲབ་སྟོན་ཁྲོད་མཉམ་གཞས་ཆེན་མོ་སྟེ《ཤར་ཕྱོགས་དམར་པོ》དང་། ཞབས་བྲོ《རྨ་ཆུར་བསྟོད་པ》གཞས་མ་གཏམ་ཞབས་བྲོ《དཔྱིད་ཀྱི་གཏམ་རྒྱུད》སོགས་ལེ་ཚན་བཅུ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་དང་། འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་ཀྱི་གློག་འོད་དང་། བརྗིད་ཉམས་ལྡན་པའི་རྣམ་འགྱུར། གསོན་ཉམས་དོད་པའི་གསར་གཏོད་རི་མོ་སོགས་དང་ཟུང་འབྲེལ་བྱས་ཐོག་ཕྱོགས་ཡོངས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75རིང་གི་རླབས་ཆེན་གྱི་ལོ་རྒྱུས་ལམ་བུ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས་པའི་ཁར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་བོད་གསར་པར་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་པ། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པས་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། འཁྲབ་སྟོན་མཇུག་འགྲིལ་རྗེས་ཡུལ་དངོས་སུ《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་བརྗིད་ཉམས་ལྡན་པའི་འགྱུར་ཁུག་གྲགས་པ་དང་སྦྲགས་ཚོགས་ར་ཡོངས་སུ་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ནས་ཉིན་དེའི་དགོང་མོའི་འཁྲབ་སྟོན་བདེ་བླག་ངང་མཇུག་སྒྲིལ་བ་རེད།

འཁྲབ་སྟོན་ཧྲིལ་པོའི་གཙོ་དོན་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བཀྲག་མདངས་འཚེར་བ། སྒྱུ་རྩལ་རང་བཞིན་དང་། ལྟད་མོའི་རང་བཞིན། རོལ་རྩེད་ཀྱི་རང་བཞིན་བཅས་གཅིག་ཏུ་བསྡུས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་ངོ་མཚར་ཆེ་བའི་མཐོང་ཐོས་ཀྱི་སྟོན་མོ་ཞིག་བཤམས་པར་མ་ཟད། ལྷ་སའི་མི་རིགས་ཁག་གི་བུ་ཕྲུག་ཚོས་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་བཟང་པོ་མཚོན་པ་དང་ལྟད་མོ་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ནས་ལས་གནས་ཐོག་གཞི་ཚུགས་ཏེ་གསར་གཏོད་དང་། འབད་འཐབ་ཤུགས་ཆེན། དམིགས་ཚད་གཏན་འཁེལ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-10-01 6 6 拉萨日报藏文 c188948.html 1 མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག་ཅེས་པའི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་འཚམས་འདྲིའི་འཁྲབ་སྟོན་གྱི་རྫོང(ཆུས)གི་ཆེད་དོན་འཁྲབ་སྟོན་བྱས་པ། /enpproperty-->