(པར་ངོས་གཉིས་པར་མཐུད)འདི་ལོ་རང་གྲོང་གིས་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་དབང་པོ་སྐྱོན་ཅན་གྱི་རིག་རྩལ་འཁྲབ་སྟོན་ཐོག་འདེམས་སྐྱེལ་བྱས་པའི་ཕུལ་བྱུང་གི་རིག་རྩལ་ལེ་ཚན་7ནང་ལེ་ཚན་6རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པར་མ་ཟད། ཟླ་9པའི་ཚེས་23ཉིན་གྱི་དགོང་མོར་ལྷ་སར་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས་པས། རང་གྲོང་གི་འཐུས་མིའི་རུ་ཁག་ལ་གཟི་བརྗིད་མཚན་སྙན་ཐོབ་པར་མ་ཟད། སྒྱུ་རྩལ་གྱི་མིང་ཐོག་ནས་ལྟད་མོ་བ་ཚོར་ཚེ་སྲོག་གི་སྟོབས་ཤུགས་དང་མཛེས་སྡུག་མངོན་པར་བྱས་ཡོད། གཞན་ཡང་ད་དུང་སྐབས་གཉིས་པའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཞིང་། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་ནས་ཡོང་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་302ཀྱིས་འགྲན་བསྡུར་ཁྲོད་དཔའ་ངར་ཆེན་པོས་སྔོན་ཐོན་ལ་བརྩོན་ལེན་བྱས་ནས་ཁོང་ཚོའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་དང་དོ་ཁུར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་དེས་དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་མདུན་ལམ་བཟང་པོ་ཡང་བཏོད་ཡོད།
བདེ་ཆུང་གིས་ཕྱིས་འབྱུང་ང་ཚོས་ཁྱོན་ཡོངས་ནས་སྒྱུར་བཅོས་་གཏིང་ཟབ་ཏུ་གཏོང་བ་དང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ལམ་བུ་གསར་པ་ཞིག་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(དཔལ་སྐྱབས་རྒྱལ་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社