ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་25ཉིན། 2024ལོའི་ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད།ད་ཐེངས་ཀྱི་བྱེད་སྒོའི་ནང་ཁ་དན་ཚིག་གནས་དང་གྲོན་ཆུང་། བདེ་འཇགས་ལྡན་པའི་བཟའ་བཏུང་ལ་མཉམ་དུ་རོལ་ཞེས་པ་གཙོ་དོན་དུ་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རིག་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་།བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།ཁེ་ལས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་དང་སྤྱི་དམངས་ཞུགས་པའི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ།རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་གྲོང་ཁྱེར་གཏོད་རྒྱུ་དེ་ཡིན་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་པ་དང་དྲིལ་བསྒྲགས་སྒྲོམ་སྟེགས་མདུན་དུ་མི་ཚོགས་ཀྱིས་ཁེངས།འགན་ནུས་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ནང་དོན་བརྒྱུད་གྲོང་མི་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཚང་མ་བཟའ་བཅའི་བདེ་འཇགས་ཀྱི་ལྟ་སྐུལ་ལས་དོན་ནང་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཤིག་གཏོད་རྒྱུའི་རེ་འབོད་བྱེད་ཀྱི་ཡོད། བྱེད་སྒོ་སྤེལ་རིང་།གྲོང་མི་ཚོས་རང་གྲོང་གི་ཉེ་བའི་ལོ་ཤས་རིང་གི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད།དུས་མཚུངས་སུ་ཚང་མས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ལས་དོན་ལ་རེ་བ་གསར་པ་བཏོན་ཡོད།གྲོང་མི་ཁྲེན་ཅུན་ཏིས།ཉེ་བའི་ལོ་ཤས་རིང་སྲིད་གཞུང་གིས་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག དཔེར་ན་ཆུ་བླུགས་པའི་ཤ་དང་། ཚགས་ཤ་རྫུན་མ། དུས་ལས་ཡོལ་བའི་འབྲས་དང་གྲོ་ཞིབ་སོགས་ཁྲོམ་རའི་ཐོག་ཧ་ལམ་མཐོང་རྒྱུ་མི་འདུག སྒོ་རྩིས་ཚོང་ཁང་དུ་ཡང་དངོས་ཟོག་ཉོ་བར་ཕྱིན་ན་ཧ་ཅང་བློ་བདེ་པོ་འདུག སྲིད་གཞུང་གིས་ད་དུང་མྱུར་བཤེར་ས་ཚིགས་མང་པོ་བཙུགས་ནས་ང་ཚོར་བློས་མི་འཁེལ་བའི་བཟའ་བཅའ་མགྱོགས་མྱུར་ཞིབ་བཤེར་བྱེད་རོགས་བྱས་པས་ང་ཚོ་བློ་བདེ་རུ་ཕྱིན་སོང་།ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་དང་བཟའ་བཅར་ཞིབ་བཤེར་བྱེད་ཚད་མཐོ་རུ་བཏང་སྟེ་ཚད་གཞི་ལོན་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད།ལྷག་པར་དུ་ལུས་ཁམས་བདེ་སྲུང་ཐོན་རྫས་ལ་ལྟ་སྐུལ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། རིན་གོང་མཐོ་ཞིང་སྤུས་ཞན་ཡིན་པའི་ལུས་ཁམས་བདེ་སྲུང་ཐོན་རྫས་ཁྲོམ་རར་མི་ཐོན་པར་བྱས་ནས་རྒན་འཁོགས་ཀྱི་ལུས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ལེགས་གྲུབ་ངང་སྤེལ་བ་དེས་རྒྱ་ཆེའི་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། རང་གྲོང་གི་བཟའ་བཅའི་བདེ་འཇགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་རྨང་གཞི་བཟང་པོ་ཞིག་ཀྱང་བཏིང་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社