分享按钮

(པར་ངོས་གཉིས་པར་མཐུད)ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞི་རིམ་དུ་ཁྱབ་པར་བྱས་པ་རེད།

བྱེད་སྒོར“སྒྲོག་འགྲེལ་+རིག་རྩལ་+N”བཅས་བཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྤེལ་བའི་གལ་ཆེའི་རང་བཞིན་འགྲེལ་བཤད་བརྒྱབ་པ་དང་། “མོས་སེམས་ལྔ”ཆེ་རུ་བཏང་བར་མ་ཟད། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད། ཡུལ་དངོས་སུ་ད་དུང་སྟག་རྩེ་ཆུས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་གསར་གཏོད་ཐོན་རྫས་དང་ཞིང་ལས་ཐོན་ཟོག་འཚོང་གིན་ཡོད་ཅིང་།རིན་གོང་འདྲི་རྩད་བྱེད་པར་ཡོང་མཁན་གྲོང་མིའི་རྒྱུན་ཆད་རྒྱུ་མེད་པ་རེད།

སྟག་རྩེ་ཆུས་སྟག་རྩེ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་བསོད་ནམས་ཚེ་རིང་གིས།དེ་རིང་སྟག་རྩེ་ཆུས་ཀྱི་ཚབ་ཞུས་ནས་ཟླ་རེའི་སྒྲོག་འགྲེལ་གྱི་རིག་རྩལ་འཁྲབ་སྟོན་ནང་ཞུགས་རྒྱུ་བྱུང་བར་དགའ་པོ་བྱུང་།ལྟད་མོ་བ་ཚོས་སྒྱུ་རྩལ་གྱི་མཛེས་སྡུག་མྱོང་རོལ་ཐུབ་པ་དང་དུས་མཚུངས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཤེས་རྟོགས་ཐུབ་ཡོད།རྗེས་མར་ང་ཚོས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་དེ་བས་མང་བ་བཏོད་དེ།ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་དེ“ལྷ་སའི་ཡོངས་བསྒྲགས”དང“ལྷ་སའི་མཉམ་འདྲེས་སྨྱན་སྦྱོར”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་སོགས་དྲ་རྒྱའི་ལས་སྟེགས་ནས་ཐད་གཏོང་བྱས་པ་དང་ལས་སྟེགས་ཁག་ལ་ལྟ་མཁན་མི་ཐེངས་ཁྲི་1.6ཟིན་པ་དང་མོས་བསྟོད་བྱེད་ཚད་ཁྲི་2.2ཟིན་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188553.html 1 /enpproperty-->