分享按钮

(པར་ངོས་དང་པོར་མཐུད)སེམས་ནུས་ཡོད་རྒུས་རང་སྐྱོང་ལྗོངས་ཀྱི“དམངས་འཚོའི་འདུ་འགོད་བཅུ”དང་། གྲོང་ཁྱེར་རིམ་པའི་དམངས་འཚོའི་བྱ་བ་དངོས་16དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན། ཁྲིམས་སྲོལ་བཟོ་བའི་བཀོལ་སྤྱོད་རང་བཞིན་དང་ལག་བསྟར་རང་བཞིན། འཐུས་མིའི་བྱེད་སྒོའི་ཕུན་སུམ་ཚོགས་པའི་རང་བཞིན་དང་རྒྱུན་གཏན་རང་བཞིན། རང་ངོས་འཛུགས་སྐྱོང་གི་གཟབ་ནན་རང་བཞིན་དང་ཕུགས་ཕན་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བ་དང་། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་བས་མཐའ་འཁྱོངས་ཡག་པོ་དང་། ལེགས་ཆ་འདོན་སྤེལ་ཡག་པོ། བྱ་གཞག་འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཞིང་འབྲེལ་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བདུན་པ་འཆར་ཉེར་ཡོད་པའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མིག་སྔར་གཞི་ཚུགས་པ་དང་། གཙོ་གནད་འབུར་དུ་ཐོན་པ། མི་ཤུགས་དང་འཕྲུལ་ཆས་སྒྲིག་འཛུགས་བཅས་བྱས་ནས་སྟོན་བསྡུའི་ལས་དོན་ལ་ཁྱོན་ཡོངས་ནས་འགན་ལེན་བྱས་ཐོག འབྲུ་རིགས་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་ནང་འཇོག་ཐུབ་པ་དང་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་སྡེ་ཚན་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་བ་དང་། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་དེ་ལས་འགན་གཙོ་བོར་བརྩི་བ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་བ་བཅས་བྱས་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། རྫོང(ཆུས)ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་དཔལ་འབྱོར་དང་ཆ་འཕྲིན་སྡེ་ཚན་གྱིས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། “བཟོ་ལས་ཐོན་ལས་རིགས་བརྒྱད”སྔོན་ལ་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་གསོན་ཤུགས་ཆེན་པོ་སྣོན་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཁག་གིས་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ཏེ། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ས་ཁུལ་དང་གྲོང་ཁྱེར་གཞན་དག་གི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། “དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་སྔར་བས་ཏན་ཏིག་སྤེལ་བ་བཅས་བྱས་ནས་སྔོན་ཐོན་བརྩོན་ལེན་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་དང་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིཊ། གཙོ་གནད་ཁྱབ་ཁོངས་བཅས་ལ་དམིཊ་ནས་དངོས་འཛིན་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་དེ་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་གི་ལྷ་ས་དང་དུས་བདེའི་ལྷ་ས་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་བཏང་སྟེ། གྲོང་གསེབ་ཀྱི་མཉམ་སྡེབ་ཀྱི“མ་དངུལ་གསུམ”དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པ་དང་། ཚོགས་ཆུང་གི་ནོར་སྲིད་གྲོང་ཚོས་དོ་དམ་བྱེད་པ་དང་ཚབ་གཉེར་རྩིས་ཐོ་འགོད་པ་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཅིག་སྡུད་ཆེད་དོན་བཅོས་སྒྲིག་གི་ལས་དོན་ལ་སྔར་བས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་སྟོན་གུང་གསེང་འཆར་ལ་ཉེར་བས། ཚོགས་འདུའི་ཐོག ད་དུང་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། གྲོང་ཁྱེར་འཛུགས་སྐྲུན། དམངས་འཚོ་འགན་ལེན་སོགས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188552.html 1 /enpproperty-->