分享按钮

བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་གྱི་རིག་རྩལ་འཁྲབ་སྟོན་སྐབས་དང་པོ་དང་བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོགས་པ།

(པར་ངོས་དང་པོར་མཐུད)སློབ་གསོ་ཐིང་གིས་ཐེངས་འདིའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་གྱི་རིག་རྩལ་འཁྲབ་སྟོན་སྐབས་དང་པོ་སྒྲིག་འཛུགས་བྱེད་པའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི《དུས་རབས་གསར་པའི་སློབ་གྲྭའི་མཛེས་རིག་སློབ་གསོའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དོན་འཁྱོལ། ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་སློབ་གསོའི་གྲུབ་འབྲས་ཕུལ་བྱུང་གང་ལེགས་མངོན་པ་བཅས་བྱས་ནས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད་དང་།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་ཆེད་ཡིན་ཞེས་ནན་གསུངས་གནང་བ་རེད།

འཁྲབ་སྟོན་བྱེད་རིང་།གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དང་། ཁྲེང་ཀོན་ཆུས་ཀྱི་སློབ་ཆུང་གཉིས་པ། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་སོགས་རང་ལྗོངས་ཀྱི་སློབ་གྲྭ་ཁག་གི་སློབ་མས་པིར་སྨྱུག་སྤྱད་དེ་ཕུགས་འདུན་མཚོན་པ་དང་། བསྟོད་གླུ་ལེན་ནས་བརྩེ་སེམས་བརྒྱུད་སྤྲོད་བྱེད་པ། ཞབས་བྲོ་འཁྲབ་ནས་གསོན་ཤུགས་མངོན་པ། རོལ་ཆ་སྤྱད་དེ་འབྱུང་འགྱུར་དཀྲོལ་བ་བཅས་ཀྱི་ཐོག་ནས་ཁོང་ཚོའི་སྒྱུ་རྩལ་གྱི་འཇོན་ཐང་དང་གསར་གཏོད་ནུས་པ་གང་ལེགས་མངོན་པར་བྱས་ཡོད།བརྩམས་ཆོས་ཚང་མར་སློབ་ཕྲུག་ཚོའི་སེམས་ཤུགས་འདུས་ཡོད་ལ། ལེ་ཚན་ཚང་མས་སློབ་ཕྲུག་ཚོའི་སྤྲོ་སེམས་དང་ཉམས་འགྱུར་མངོན་པ་དང་། ལྷ་ས་སོགས་ས་ཁུལ(གྲོང་ཁྱེར)གྱི་སློབ་གྲྭ་ཁག་གི་སྒྱུ་རྩལ་སློབ་གསོའི་གཡུར་ཟའི་གྲུབ་འབྲས་མཚོན་པར་མ་ཟད། སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་གྱི་ཆུ་ཚད་དང་བསམ་པའི་ཉམས་འགྱུར་ཡང་མངོན་ཡོད།བྱེད་སྒོས་དེའི་ནང་ཞུགས་མཁན་དང་། ཕྱོགས་ཁག་གི་སྐུ་མགྲོན་དང་གྲོང་མི་ཚོར་བརྗེད་པར་དཀའ་བའི་བག་ཆགས་དང་སྣང་བ་སྐྱིད་པའི་ཕྱིར་དྲན་ཞིག་བཞག་སྟེ་སྒྱུ་རྩལ་དོན་གཉེར་དང་གསར་གཏོད་བྱེད་པའི་རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གསོན་ཤུགས་འཕེལ་བར་བྱས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188551.html 1 བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་གྱི་རིག་རྩལ་འཁྲབ་སྟོན་སྐབས་དང་པོ་དང་བྱ་དགའ་སྤྲོད་པའི་དགོང་ཚོགས་འཚོགས་པ། /enpproperty-->