ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་9ཚེས་26ཉིན་གྱི་སྔ་དྲོར། གྲོང་ཨུད་དྲིལ་བསྒྲགས་པུས་གྲོང་ཨུད་ཀྱི“འཐབ་ཇུས་ཆེན་པོ་བཞི”དང་ཟུང་འབྲེལ་བྱས་ནས་གཙོ་གཉེར་བྱས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཅེས་པའི་ཟླ་རེའི་སྒྲོག་འགྲེལ་དང་ཀྲུང་ཧྭའི་སྙིང་སྟོབས་བརྟན་པོར་སྐྱོང་ཞེས་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་་དུ་སྤེལ་བ་རེད།
ས་ཡུལ་དངོས་སུ་གྲོང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་གྲོང་ཨུད་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་སློབ་དཔྱོད་ཁང་གི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་དེ་བཞིན“འདུ་ཤེས་གསུམ”གྱི་འབྲེལ་ཡོད་ནང་དོན་དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་པ་རེད། དེ་རྗེས་སྟག་རྩེ་ཆུས་སྟག་རྩེ་སྒྱུ་རྩལ་ཚོགས་པས་འཁྲབ་པའི་ཞབས་བྲོ《མཆམ་མཐུན་གྱི་ཁྱིམ་ཚང》དང་། 《ནམ་ཡང་ཏང་གི་རྗེས་སུ་འབྲངས་པ》 《བདེ་སྐྱིད་ལྡན་པའི་ཁྱིམ་གཞིས》བཅས་དང་གླུ་གཞས《ཀྲུང་གོ་ང་ཁྱེད་ལ་དགའ》 《ས་མཐོར་བརྩེ་བས་ཕྱུག》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་གྱིས་གར་སྟེགས་དང་སློབ་ཁང་ཟུང་འབྲེལ་ཡག་པོ་བྱས་ཏེ།རོལ་རྩེད་ཀྱི་ཞོར་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社