འབྲས་ལྡན་སྟོན་དུས་ཀྱི་ལྷ་ས་གྲོང་ཁྱེར་ལ་བཀྲ་ཤིས་དགེ་བཅུ་ཡོངས་སུ་འཛོམས་ཡོད། ཟླ་9པའི་ཚེས་25ཉིན་གྱི་དགོང་མོར། མེས་རྒྱལ། བཀྲ་ཤིས་བདེ་ལེཊ་ཞེས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ལྷ་ས་གྲོང་ཁྱེར་གྱི་མཉམ་གཞས་འགྲན་བསྡུར་ཆེན་མོ་དེ་ལྷ་ས་གྲོང་ཁྱེར་མང་ཚོཊ་རིག་གནས་ལུས་རྩལ་ལྟེ་གནས་སུ་གཉེར་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནི་རོལ་དབྱངས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པར་མ་ཟད། རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་ལེན་པའི་སྟོན་མོ་གཟབ་རྒྱས་ཤིག་ཀྱང་ཡིན།
ཉིན་དེའི་དགོང་མོར། མཉམ་གཞས་འགྲན་བསྡུར་ཆེན་མོ་བྱ་ཡུལ་དུ་མི་ཚོཊ་ཀྱིས་ཁེངས་ཤིང་དར་ཚོན་སྣ་ལྔ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། གཙོ་སྐྱོང་པས་བརྩེ་དུང་ཟབ་མོས་འགོ་ཚུཊ་གཙོ་སྐྱོང་བྱས་པ་དང་བསྟུན་ནས་མཉམ་གཞས་འགྲན་བསྡུར་དངོས་སུ་འགོ་ཚུཊ་ཤིང་། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་། ཚན་པ། ནུས་པའི་གླིང་ཁུལ་བཅས་ནས་ཡོང་བའི་འཐུས་མིའི་རུ་ཁག་15ཡིས་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་དང་སྤྲོ་སེམས་ཀྱི་ཐོག་ནས་རླབས་ཆེན་མེས་རྒྱལ་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད། 《སྐྱེད་མ་ནི་ཀྲུང་ཧྭ་ཡིན》ཞེས་པའི་གླུ་དབྱངས་ཁྲོད་དུ་ཀྲུང་ཧྭའི་བུ་ཕྲུག་གིས་མགྲིན་དབྱངས་གཅིག་གི་སྒོ་ནས་རྒྱལ་ཁབ་དང་ཁྱིམ་ཚང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད་པ་དང་། གླུ་གཞས《ཐོག་མའི་བསམ་འདུན་མི་བརྗེད་པ》ཞེས་པ་དེས་འགྲན་བསྡུར་ཧྲིལ་པོའི་མཐོ་རླབས་དེ་བས་འཕྱུར་བར་བྱས་ཡོད། གླུ་དབྱངས་ཀྱི་འགྱུར་ཁུག་རེ་རེས་ཞིང་ས་གཤིན་པོ་དེར་བཅངས་པའི་ཟོལ་མེད་ཀྱི་ལྷག་བསམ་མཚོན་ཡོད་ལ། གླུ་དབྱངས་ཀྱི་གཞས་ཚིག་རེ་རེས་མ་ཡུལ་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གཞས་ལས་ཀྲུང་ཧྭ་རིག་གནས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་མཚོན་གྱི་ཡོད་ལ། གླུ་གཞས་རེ་རེས་སྟོབས་ཤུཊ་དང་རེ་བ་མཚོན་གྱི་ཡོད། དུས་མཚམས་དེར་སེམས་པ་དམ་པོར་སྦྲེལ་ནས་མེས་རྒྱལ་གྱི་སྟོབས་འབྱོར་མངའ་ཐང་ལ་བསྟོད་གླུ་བླངས་ཡོད་ཅིང་། སྙན་འཇེབས་ལྡན་པའི་འགྱུར་ཁུག་དེ་ནི་བོད་ཀྱི་མི་རིཊ་ཁག་གི་མི་དམངས་ཀྱི་སྨོན་འདུན་བཟང་པོ་བརྒྱུད་སྤྲོད་བྱས་པ་ཞིག་ཡིན་པར་མ་ཟད། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་མི་རིཊ་མཐུན་སྒྲིལ་ཡར་ཐོན་ཡོང་བའི་བསྟོད་གླུ་ཡག་ཤོས་ཤིག་ཀྱང་ཡིན། 《བསྐལ་པ་བཟང་བ་འདི་ནི་ཁྱེད་ཀྱི་སྨོན་པ་ལྟར་ཡིན》ཞེས་པའི་གྱེར་འདོན་ལས་ང་ཚོས་གསར་བརྗེའི་སྔོན་གཤེཊ་དཔའ་བོ་ཚོའི་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ཀྱི་རྣམ་པ་མཐོང་ཐུབ་ཀྱི་ཡོད་ལ། ཁོང་ཚོའི་སེམས་གཏིང་གི་རེ་འབོད་དང་རེ་སྒུག་ཀྱང་ཐོས་ཐུབ་ཀྱི་ཡོད། དེང་སྐབས། བསྐལ་པ་བཟང་བའི་དུས་སྐབས་འདི་སླེབས་ཟིན་པས། དེ་ནི་ང་ཚོས་སྨོན་པ་ལྟར་མཛེས་སྡུག་དང་། འཆམ་མཐུན། དར་རྒྱས་བཅས་ལྡན་པ་ཞིག་ཡིན།
ཛ་དྲག་ལ་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་ཀྱི་འཐུས་མིའི་རུ་ཁག་གི་ཕུལ་དུ་བྱུང་བའི་འཁྲབ་སྟོན་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྟོད་ལུང་བདེ་ཆེན་ཆུས་དང་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོཊ་ཀྱི་འཐུས་མིའི་རུ་ཁག་སོཊ་ལ་ཡང་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། མཚན་སྙན་དེ་དག་ནི་འགྲན་བསྡུར་ནང་ཞུཊ་མཁན་དཔུང་ཁག་གི་སྟོབས་ཤུཊ་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་རྒྱལ་གཅེས་བརྩེ་སེམས་ལ་བསྔཊ་བརྗོད་བྱས་པ་ཞིག་ཀྱང་ཡིན།
ས་སྲོད་ཀྱི་མཚམས་སུ་སྐར་ཚོཊ་ཆེམ་ཆེམ་དུ་འཕྲོ་བ་དང་། མཉམ་གཞས་འགྲན་བསྡུར་དེ་དགའ་སྤྲོའི་དགོད་སྒྲའི་ཁྲོད་མཇུག་འགྲིལ་བ་རེད། མེས་རྒྱལ། བཀྲ་ཤིས་བདེ་ལེཊ་ཞེས་པ་དེ་ནི་སྟབས་བདེའི་སྨོན་འདུན་ཞིག་ཡིན་པར་མ་ཟད། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཞིག་ཀྱང་ཡིན། ང་ཚོས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིཊ་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུཊ་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社