分享按钮

གྲོང་ཨུད་འཐབ་ཕྱོཊ་གཅིག་གྱུར་པུའུ་ཡིས་ལས་དོན་ཚོཊ་འདུ་དང་2024ལོའི་རིཊ་པའི་གཞུང་ལུཊ་སློབ་སྦྱོང་ལྟེ་བའི་ཚོཊ་ཆུང་གི་སློབ་སྦྱོང་བགྲོ་གླེང(རྒྱ་ཆེ)ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་25ཉིན། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ལས་དོན་ཚོགས་འདུ་དང་2024ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་བགྲོ་གླེང(རྒྱ་ཆེ)ཚོགས་འདུ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོཊ་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་གྱིས་ཚོཊ་འདུ་གཙོ་སྐྱོང་གནང་བར་མ་ཟད། གསུང་བཤད་ཀྱང་གནང་བ་རེད། པུའུ་དེའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཚན་པ་ཁག་གི་འགན་འཁུར་བ་ཚོཊ་འདུར་ཞུཊ་པ་རེད།

ཚོཊ་འདུའི་ཐོག མི་རིཊ་ལས་དོན་ལ་ཤུཊ་སྣོན་དང་ལེཊ་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་ཉི་ཤུ་པའི་གཅིག་བསྡུས་སློབ་སྦྱོང་ཚོཊ་འདུ་ཐེངས་དགུ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས《ཀྲུང་གོའི་མི་རིཊ་ཚཊ་པར》ཐོག་སྤེལ་བའི《ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་ཟབ་ཏུ་བཏང་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་བཅས་བརྒྱུད་བསྒྲཊ་དང་སློབ་སྦྱོང་བྱས་ཤིང་། “ལམ་གཉིས་ཀྱི་སྙིང་སྟོབས”དྲན་གསོ་ཁང་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་གཏོད་པའི་ལག་ལེན་རྟེན་གཞི་སྟེ་བོད་ལྗོངས་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ལྟ་སྐོར་དང་སློབ་སྦྱོང་བྱས་པར་མ་ཟད། འགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་ཟབ་ཏུ་གཏོང་བར་དམིཊ་ནས་བགྲོ་གླེང་ཡང་བྱས་པ་རེད།

སྐལ་བཟང་ཚེ་བརྟན་གྱིས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་ལག་ལེན་དང་ཐབས་ལམ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་དང་སེལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་ཐད་གདོང་དམག་ལེགས་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལྷ་སའི་ལས་དོན་ཁྲོད་ཀྱི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་དང་། བསྡུ་ལེན། ཁྱབ་གདལ་དུ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་དེ་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་རིམ་པ་དེ་བས་མཐོ་བའི་ཕྱོགས་སུ་རྒྱ་བསྐྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188550.html 1 གྲོང་ཨུད་འཐབ་ཕྱོཊ་གཅིག་གྱུར་པུའུ་ཡིས་ལས་དོན་ཚོཊ་འདུ་དང་2024ལོའི་རིཊ་པའི་གཞུང་ལུཊ་སློབ་སྦྱོང་ལྟེ་བའི་ཚོཊ་ཆུང་གི་སློབ་སྦྱོང་བགྲོ་གླེང(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->