ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། དེ་བཞིན་བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་ཆེད། ཟླ་9ཚེས་24ཉིན“བློ་སྒྲིལ་སེམས་སྐྱེད་ཀྱིས་ཏང་གི་རྗེས་སུ་འབྲངས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད”ཅེས་པའི་2024ལོའི་ངལ་རྩོལ་དཔེ་བཟང་བའི་བཟོ་བོའི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་དང་སློབ་གྲྭར་སྤེལ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་འཚོགས་པ་རེད།
བྱེད་སྒོའི་ཁྲོད་ཁྱབ་ཁོངས་མི་འདྲ་བ་ནས་ཡོང་བའི་ངལ་རྩོལ་དཔེ་བཟང་གི་བཟོ་པ་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བ་7གྱིས་རང་ཉིད་ཀྱི་མྱོང་བ་ངོ་མ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱི་ཐོག་ནས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་གསོན་ཉམས་དོད་པོས་གསལ་བཤད་བྱས་པ་རེད། སྒྲོག་འགྲེལ་པའི་ངོ་མཚར་ཆེ་བའི་མཉམ་སྤྱོད་ཀྱིས་དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་པར་མ་ཟད། སློབ་གྲོགས་ཚོའི་དགའ་བསུ་ཆེན་པོ་ཡང་ཐོབ་ཡོད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་དཔལ་འབྱོར་དང་དྲིལ་བསྒྲགས་སློབ་གསོའི་དྲ་རྒྱ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཀྲུང་ཡོན་གྱིས་ངལ་རྩོལ་དཔེ་བཟང་བའི་བཟོ་བོའི་སྙིང་སྟོབས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་ནི་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་སྤེལ་བའི་གཙོ་གནད་ལས་དོན་ཞིག་ཡིན་ལ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་བ་དང་། བཟོ་བོ། ལས་བཟོ་བས་འཆད་ཁྲིད་བྱེད་པ་བཅས་བརྗོད་བྱ་གཙོ་བོར་བྱས་པའི་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་སྒྲོག་འགྲེལ་རྒྱ་ཁྱབ་ངང་སྒྲིག་འཛུགས་བྱས་ཏེ་ངལ་རྩོལ་གྱི་གཏམ་རྒྱུད་དང་གསར་གཏོད་ཀྱི་གཏམ་རྒྱུད་ཤོད་པ་དང་།“བརྗོད་གཞི་ཆུང་ངུས”དུས་རབས་ཆེན་མོ”མཚོན་པ་དང“གཏམ་རྒྱུད་ཆུང་ངུའི”ཐོག་ནས“སྙིང་སྟོབས་ཆེན་པོ”མཚོན་པར་བྱས་པས་རྒྱ་ཆེའི་ལས་བཟོ་བའི་ཁྲོད་ཚུར་སྣང་ལན་ཆ་བཟང་པོ་བྱུང་ཡོད་པ་རེད། དེ་རིང་ང་ཚོའི་བྱེད་སྒོ་སློབ་གྲྭར་སྤེལ་བ་ནི་གཞོན་ནུ་ལོ་ཆུང་སློབ་མར་འཇོན་ཐང་ལེགས་པོ་སྦྱོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། ངལ་རྩོལ་ལ་བརྩི་འཇོག གསར་གཏོད་ལ་བརྩི་མཐོང་བཅས་བྱེད་དགོས་ཞེས་སྐུལ་མ་གཏོང་ཆེད་ཡིན་ཞེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོཊ་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོཊ་པ་ལས་ཁུངས་དང་། ཁེ་ལས། བཟོ་གྲྭ། ལས་ཡུལ། འཁོར་ཁང་། སློབ་གྲྭ། གྲོང་གསེབ། མི་མང་འདུ་འཛོམས་བྱ་ཡུལ། ལས་རྣམ་གསར་པ་བཅས་སུ་བསྐྱོད་དེ་ངལ་རྩོལ་དཔེ་བཟང་བའི་བཟོ་བོའི་སྙིང་སྟོབས་སྐོར་སྐྱོད་སྒྲོག་འགྲེལ་སྒྲིག་འཛུཊ་བྱས་ནས་སྤེལ་རྒྱུ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བ་དང་མང་ཚོཊ་ཁྲོད་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཊ། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱ་རྒྱུ་མ་ཟད།སྤྱི་ཚོཊ་རིང་ལུཊ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社