(པར་ངོས་དང་པོར་མཐུད)བེད་མེད་ས་ཆ་གང་འགབ་ཅི་སྤྱོད་བྱེད་པར་རྒྱབ་སྐྱོར་བཅས་བྱེད་དགོས། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཆ་སྤྲོད་པ་དང་། སྡོད་ཁང་ཉོ་སྒྲུབ་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱེད་པ། བསགས་འབོར་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་བ། ས་ཆ་དང་། ནོར་ཁྲལ། དངུལ་རྩ་སོགས་ཀྱི་སྲིད་ཇུས་དུས་ཚོད་དམ་འཛིན་གྱིས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། མ་རྩའི་ཁྲོམ་རའི་གསོན་ཤུགས་འཕེལ་གང་ཐུབ་བྱས་ནས་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་ཁྲིད་སྟོན་ཤུགས་ཆེན་བྱས་ཏེ། སྤྱི་ཚོཊ་འགན་སྲུང་དང་། འགན་བཅོལ། རྒྱུ་ནོར་བདག་གཉེར་སོཊ་ཀྱི་མ་དངུལ་ཁྲོམ་རར་ཞུཊ་རྒྱུར་འགག་གནད་ཤར་གཏོང་ཐུབ་པར་བྱེད་དགོས། ཁྲོམ་རར་ཞུགས་པའི་ཀུང་སིའི་སྒྲིལ་ཉོ་བསྐྱར་སྒྲིག་ལ་རྒྱབ་སྐྱོར་གྱིས་སྤྱི་སློངས་ཐེབས་རྩ་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། མ་དངུལ་འཇོག་མཁན་འབྲིང་ཆུང་ལ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཚོཊ་འདུའི་ཐོག ཁེ་ལས་དཀའ་ངལ་ལས་སྒྲོལ་རོཊ་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་གྱི་བཅའ་ཁྲིམས་བཏོན་ནས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུཊ་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས། འཛད་སྤྱོད་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོཊ་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཡོང་འབབ་འབྲིང་བ་དང་དམའ་བའི་མི་ཚོཊ་ཀྱི་ཡོང་འབབ་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འཛད་སྤྱོད་འགྲུབ་གཞི་ལེཊ་སུ་གཏོང་དགོས། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱེད་དགོས། སྤྱི་ཚོཊ་སྟོབས་ཤུཊ་ཀྱིས་རྒན་གསོ་དང་བཅོལ་གསོའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་བཏང་སྟེ། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱེད་དགོས། མ་རྩ་ནང་འདྲེན་དང་མ་རྩ་བརྟན་པོ་ཡོང་ཤུཊ་ཆེ་རུ་བཏང་ནས་བཟོ་སྐྲུན་ལས་རིཊ་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཞུཊ་འཐུས་སོཊ་ཀྱི་བསྒྱུར་བཅོས་བྱ་ཐབས་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ཏེ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྔར་བས་ལེཊ་སུ་གཏོང་དགོས་ཞེས་བསྟན་པ་རེད།
ཚོཊ་འདུའི་ཐོག དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ནས་ལོ་འདི་རང་གི་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དབུལ་གྲོལ་མི་འབོར། ལས་ཞུཊ་བྱེད་མཁན་མེད་པའི་ཁྱིམ་ཚང་སོཊ་གཙོ་གནད་མི་ཚོཊ་ཀྱི་ལས་ཞུཊ་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པ་དང་། ལོ་ན་ཆེ་བ་དང་། དབང་པོ་སྐྱོན་ཅན། དུས་ཡུན་རིང་པོར་ལས་ཀ་ཤོར་བ་སོཊ་ལས་ཞུཊ་ཐད་དཀའ་ངལ་ཡོད་པའི་ཚོཊ་སྤྱིར་རོཊ་སྐྱོར་བྱེད་ཤུཊ་ཆེ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོཊ་སྐྱོབ་དང་རོཊ་སྐྱོར་བྱེད་ཤུཊ་ཆེ་རུ་གཏོང་དགོས། བཟའ་བཅའ་དང་ཆུ། གློག རླངས། ཚ་ནུས་སོཊ་གལ་ཆེའི་དངོས་ཟོག་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས། འབྲུ་རིཊ་དང་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱེད་པ་དང་། ཞིང་པའི་འབབ་འཕར་ལ་སེམས་ཁུར་བྱེད་པ། སྟོན་དགུན་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་འབྲུ་རིཊ་བདེ་འཇཊ་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
ཚོཊ་འདུའི་ཐོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ལས་དོན་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ་དང་ཀུན་སེམས་གཅིག་མཐུན་ཡོང་བར་བྱེད་དགོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོཊ་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེཊ་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེཊ་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་གསར་གཏོད་བྱེད་ཕོད་པར་བྱས་ནས་འགག་སྒྲོལ་དཀའ་སེལ་བྱེད་རིང་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་དང་གྲུབ་འབྲས་ཐོབ་པར་བྱེད་དགོས། མི་འདེམས་མི་སྤྱོད་ཀྱི་ཕྱོཊ་སྟོན་ཚད་གཞི་ཡག་པོ་འཛུཊ་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་འཁུར་མཁན་དང་ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་སྟོབས་ཆེ་བའི་ཞིང་ཆེན་གྱིས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས། སྐུལ་ཁྲིད་དང་ཀ་རྟེན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社