分享按钮

གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་26ཉིན་གྱི་སྔ་དྲོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་དང་། མཛུབ་སྟོན། འཕྲིན་ལན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་། ནག་སེལ་གཤེད་བཅོམ། གྲོང་གསེབ་ཀྱི་མཉམ་སྡེབ་མ་རྩ་གསུམ་གྱི་དོ་དམ་སོགས་ཀྱི་ལས་ཀའི་སྙན་ཞུར་གསན་པར་མ་ཟད། རང་གྲོང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་འབྱུང་ཁམས་སྲུང་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།ལྷོ་བྱང་རི་བོའི་སྔོ་འགྱུར་སོགས་ལས་གཞི་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་རྒྱུན་རྣམ་དང་ཕུགས་ཕན་ངང་སྐུལ་འདེད་གཏོང་དགོས། ཐོན་ལས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གྲུབ་ཆ་ལེགས་སྒྲིག་དང་། འབྲེལ་ཐག་བརྟན་གཏོང་། མ་ལག་འཛུགས་པ། ཁོར་ཡུག་ལེགས་གཏོང་། ཁེ་ལས་ནང་འདྲེན། རྣམ་གྲངས་དམ་འཛིན་སོགས་ཀྱི་བྱ་ཐབས་སྤྱད་ནས། “བྱེད་ནུས་ཁུལ་གསུམ”ཆེ་རུ་གཏོང་བ་དང་། “ལས་རྣམ་ལྔའི་གོང་འཕེལ་ཁུལ”ཡག་པོ་གཉེར་བ། “ཐོན་ལས་ཆེན་པོ་དགུ”སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། རིག་གནས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “འདུ་འགོད་ཆེན་པོ་ལྔར”སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། རིག་དངོས་སྲུང་སྐྱོབ་ལ་ཤུགས་སྣོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཅས་གཏོང་དགོས། དམངས་འཚོ་ལེགས་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-09-28 6 6 拉萨日报藏文 c188543.html 1 གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ། /enpproperty-->