ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།
སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ།མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྒྱུ་རྩལ་སློབ་གསོའི་གཡུར་ཟའི་གྲུབ་འབྲས་འགྲེམས་སྟོན་བྱེད་པ། སྐྱོན་བྲལ་ཡར་ཐོན་གྱི་སློབ་གྲྭའི་རིག་གནས་ཁོར་ཡུག་གཏོད་པ། བདེན་པར་ཕྱོགས་པ་དང་། དགེ་བར་ཕྱོགས་པ། མཛེས་པར་ཕྱོགས་པ།ཡར་བརྩོན་ལ་ཕྱོགས་པ་བཅས་ཀྱི་སློབ་གྲྭའི་རིག་གནས་མངོན་པ་བཅས་བྱ་ཆེད། ཟླ་9ཚེས་25ཉིན་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སྒྱུ་རྩལ་འགྲེམས་སྟོན་གྱི་རིག་རྩལ་འཁྲབ་སྟོན་སྐབས་དང་པོ་དང་བྱ་དགའ་སྤྲོད་པའི་དགོང་ཚོགས་བོད་ལྗོངས་ཟློས་གར་ཁང་ཆེན་མོར་འཚོགས་པ་རེད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཏང་ཅིང་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཡེ་ཀེན་ལི། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལིའུ་ཧྲི་ཀྲུང་། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་པདྨ་སྒྲོལ་དཀར། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ། རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་མ་ལིན་སོགས་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུཊ་པར་མ་ཟད་བྱ་དགའ་ཐོབ་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་བྱ་དགའ་སྤྲད་པ་རེད།
ཡེ་ཀེན་ལིས་ཤིས་ཚིག་སྒྲོན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་མཛེས་རིག་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་པར་མ་ཟད་སློབ་གྲྭའི་མཛེས་རིག་སློབ་གསོའི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ།མཛེས་རིག་སློབ་གསོའི་ལས་དོན་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་མའི་མཛེས་དཔྱོད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བྱང་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社