ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པ་དེ་2016ལོར་བཙུགས་པ་དང་དགེ་སློབ་ཀྱི་ཁོངས་སུ་བོད་རིཊ་དང་རྒྱ་རིགས།ཧུའེ་རིགས།ཏུང་རིགས།མིའོ་རིགས།དབྱིས་རིགས།
ཐུའུ་ཅ་རིགས།ལྷོ་པ་རིགས།མོན་པ་རིགས་སོགས་མི་རིགས་མང་པོ་ཡོད། སློབ་གྲྭ་དེ་བཙུགས་པ་ནས་བཟུང་།བུ་བཅོལ་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་ཕྲུ་གུ་ཆུང་ཆུང་ནས་དམ་འཛིན་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་དེ་བཞིན་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་གསོ་སྐྱོང་བྱ་རྒྱུ་དེ་བྱིས་པའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པར་བྱས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ས་བོན་དེ་ཕྲུ་གུ་ཚོའི་སེམས་ནང་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ཐུབ་པར་བྱས་ཡོད།
གསར་འགོད་པ་ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་བཅུ་བཞི་པར་སླེབས་སྐབས།
འཛིན་གྲྭ་ཆེ་བའི་ནང་རྒན་ལགས་ཀྱིས་གྲོགས་པོ་ཆུང་ཆུང་ཚོར།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社